གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོའི་འདེམས་ངོ་ཚུ་གིས་ ཁོང་རའི་རྒེད་འོག་ནང་ལས་ རྒྱབ་སྐྱོར་ཚུ་ ལེགས་ཤོམ་ཐོབ་ཡོདཔ།

༢༦/༤/༢༠༡༣   ༉ སྤ་རོ་རྫོང་ཁག་གི་འདེམས་ངོ་༥ པོ་ཆ་ར་གིས་ ཁོང་རའི་ རྒེད་འོག་ནང་ལས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ཚུ་ ལེགས་ཤོམ་ཐོབ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲི་དོན་ལུ་ རྒྱལ་ཁ་ཐོབ་མི་ ཀ་ཀ་ཚེ་རིང་དེ་ ཝང་ལྕང་རྒེད་འོག་ལས་ཨིནམ་ད་ ཝང་ལྕང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༡༡༦༧ ལས་ ཁོ་གིས་ ཚོགས་རྒྱན་ཡོངས་བསྡོམས་༧༧༦ ཐོབ་ཡོདཔ་ཨིན་པས།

བཙག་འཐུ་གྲུབ་མི་ ཀ་ཀ་ཚེ་རིང་།


དེ་བཟུམ་སྦེ་ ཀུན་ལེགས་རྡོ་རྗེ་གིས་ ནཱ་རྒྱ་རྒེད་འོག་ལས་ ཚོགས་རྒྱན་བཙུགས་མི་༡༤༠༠ ལས་ ཁོ་གིས་ ཚོགས་རྒྱན་༩༢༤ ཐོབ་ཡོདཔ་ད་ ཤར་རི་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་༩༥༧ ལས་ བསོད་ནམས་དབང་ཕྱུག་གིས་ ཚོགས་རྒྱན་༦༧༨ ཐོབ་ཡོདཔ་ཨིན་པས།
ལུགས་གཉིས་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་ ཚེ་དབང་ནོར་བུ་གིས་ ཚོགས་རྒྱན་བཙུགས་མི་༨༧༩ ལས་ ཁོ་གིས་ ཚོགས་རྒྱན་༥༠༧ ཐོབ་ཡོདཔ་ད་ ཨོ་རྒྱན་ཚེ་རིང་གིས་ ལམ་གོང་རྒེད་འོག་ལས་ ཚོགས་རྒྱན་བསྡོམས་༡༢༠༩ ལས་༧༩༢ ཐོབ་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེ་ བཙག་འཐུ་ནང་ རྒྱལ་ཁ་ཐོབ་མི་ ཀ་ཀ་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ སྤ་རོ་རྫོང་ཁག་གི་ སྤྱི་ལོ་༢༠༡༣ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ དོ་འགྲན་ཅན་ཅིག་སྦེ་ སོང་ཡོདཔ་ཨིན་རུང་ ཁོ་ར་ རྒྱལ་ཁ་ཐོབ་ཚུགས་ནི་དེ་གིས་ སེམས་དགའ་སྟེ་ཡོད་ཟེར་ཨིནམ་ད་ ཁོ་ར་ གདམ་འཐུ་འབད་མི་ རྒྱབ་སྐྱོར་པ་ཚུ་དང་ སྤ་རོའི་མི་སེར་ཡོངས་ལུ་ བཀའ་དྲིན་དགའ་ཚོར་བསམ་དགོཔ་ཡོད་ཟེར་ཨིན་པས།
གླ་འཁོར་གྱི་ དེད་གཡོགཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ སྤ་རོ་གི་མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ བཙག་འཐུ་འབད་ནི་དེ་ མ་འཛོལ་བས་ཟེར་ཨིན་པས།
མ་གཞི་ འདེམས་ངོ་གཞན་མི་ཚུ་ཡང་ བསྐུལ་བསྒྲགས་དང་ སྤྱིར་བཏང་གྲོས་འཛོམས་འབད་བའི་སྐབས་ བློ་སླབ་ཐངས་དང་ འབད་བཞག་བཅའ་བཞག་ཚུ་ ལེགས་ཤོམ་ཡོདཔ་ཨིན་རུང་ ལཱ་གི་ཉམས་མྱོང་དང་ ལྕོགས་གྲུབ་ཚུ་ ཀ་ཀ་ཚེ་རིང་ར་ དྲག་དོ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
སྤ་རོ་ རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་བསྡོམས་༡༦,༡༩༢ ཡོད་མིའི་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ འགྲེམ་ཐོག་ཚོགས་རྒྱན་༦༦༤ དང་ འཕྲུལ་ཆས་ཚོགས་རྒྱན་༩,༤༥༣ འབདཝ་ད་ ཚོགས་རྒྱན་བསྡོམས་༡༠,༡༡༧ ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ནང་ལས་ཡང་ ཀ་ཀ་ཚེ་རིང་གིས་༢༣༢ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ དེ་གི་ཤུལ་ལས་ བསོད་ནམས་དབང་ཕྱུག་གིས་༡༤༤ ཚེ་དབང་ནོར་བུ་གིས་༩༨ ཀུན་ལེགས་རྡོ་རྗེ་གིས་༩༧ དེ་ལས་ ཨོ་རྒྱན་ཚེ་རིང་གིས་ འགྲེམ་ཐོག་ཚོགས་རྒྱན་༩༣ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment