གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་༥ གིས་ འདེམས་ངོ་བཀྲིས་ཕུན་ཚོགས་ལུ་ རྒྱབ་སྐྱོར་འབད་ཡོད་པའི་མངོན་གསལ།

 ༢༦/༤/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་སྐབས་ གཡང་རྩེ་རྫོང་ཁག་ནང་ རྒེད་འོག་༨ ཡོད་མིའི་ནང་ལས་ རྒེད་འོག་༥ གི་ མི་སེར་ཚུ་གིས་ འདེམས་ངོ་བཀྲིས་ཕུན་ཚོགས་ལུ་ རྒྱབ་སྐྱོར་འབད་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
བཙག་འཐུ་གྲུབ་མི་ བཀྲི་ཕུན་ཚོགས།


དེ་ཡང་ སྟོང་གཞང་རྒེད་འོག་དང་ སྟོད་ཚོ་ གཡང་རྩེ་ ཁམས་དྭངས་ དེ་ལས་ ཡ་ལང་རྒེད་འོག་གི་མི་སེར་ཚུ་གིས་ ཚོགས་རྒྱན་མཐོ་ཤོས་བཙུགས་ཡོདཔ་ད་ ཁོ་གི་དོ་འགྲན་པ་ རམ་འཇར་རྒེད་འོག་ལས་ ཀརྨ་རྒྱལ་མཚན་གྱིས་ བྱམས་མཁར་དང་ རམ་འཇར་ ཐུབ་གཏན་གླིང་རྒེད་འོག་ལས་ ཚོགས་རྒྱན་མང་སུ་ཐོབ་ཡོདཔ་ཨིན་པས།
བཙག་འཐུ་གྲུབ་མི་ བཀྲིས་ཕུན་ཚོགས་ཀྱིས་ ཡ་ལང་རྒེད་འོག་ལས་ ཚོགས་རྒྱན་༥༢༩ ཐོབ་ཡོདཔ་ད་ ཁོ་རའི་དོ་འགྲན་པ་གིས་ ཚོགས་རྒྱན་༩༠ ལས་བརྒལ་ཐོབ་མ་ཚུགསཔ་ད་ ཁམས་དྭངས་དང་ སྟོད་ཚོ་ སྟོང་གཞང་ གཡང་རྩེ་ ཡ་ལང་རྒེད་འོག་བསྡོམས་ཏེ་ ཚོགས་རྒྱན་༢༢༧༡ ཐོབ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་འབད་བ་ཅིན་ ཁོ་གིས་ཚོགས་རྒྱན་༥༠༩ ལས་བརྒལ་ཐོབ་མ་ཚུགས་རུང་ དོ་འགྲན་པ་ཀརྨ་རྒྱལ་མཚན་གྱིས་ ཚོགས་རྒྱན་༦༨༣ ཐོབ་ཡོདཔ་ད་ ཀརྨ་རྒྱལ་མཚན་གྱིས་ རམ་འཇར་ བྱམས་མཁར་ འབུམ་སྡེ་གླིང་རྒེད་འོག་ཚུ་ལས་ ཚོགས་རྒྱན་བསྡོམས་༨༨༣ མ་བཏོགས་ཐོབ་མ་ཚུགསཔ་ཨིན་པས།
ཀརྨ་རྒྱལ་མཚན་ལུ་ ཚོགས་རྒྱན་མང་ཤོས་ར་ བྱམས་མཁར་རྒེད་འོག་ལས་ ཚོགས་རྒྱན་༣༤༢ ཐོབ་ཡོདཔ་ད་ བཀྲིས་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༡༤༦ དང་ དེ་བཟུམ་སྦེ་ འབུམ་སྡེ་གླིང་ལས་ ཀརྨ་རྒྱལ་མཚན་གྱིས་ ཚོགས་རྒྱན་༢༠༧ ཐོབ་མི་དང་ཕྱདཔ་ད་ བཀྲིས་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༡༧༨ ལས་ཐོབ་མ་ཚུགས་པས།
དེ་བཟུམ་སྦེ་ བཀྲིས་ཕུན་ཚོགས་ཀྱིས་ ཁོ་རའི་རྒེད་འོག་ནང་ལས་༥༢༩ ཐོབ་ཡོདཔ་ད་ ཀརྨ་རྒྱལ་མཚན་གྱིས་ ཚོགས་རྒྱན་༩༠ ལས་ཐོབ་མ་ཚུགས་པའི་ཁར་ སྟོད་ཚོ་རྒེད་འོག་ལས་ བཀྲིས་ཕུན་ཚོགས་ཀྱིས་ ཚོགས་རྒྱན་༣༩༩ དང་ ཀརྨ་རྒྱལ་མཚན་གྱིས་༡༧༦ དེ་ལས་ ཁམས་དྭངས་རྒེད་འོག་ལས་ བཙག་འཐུ་གྲུབ་མི་ལུ་ཚོགས་རྒྱན་༥༠༨ དང་ ཀརྨ་རྒྱལ་མཚན་ལུ་ ཚོགས་རྒྱན་༡༨༧ ལས་བརྒལ་ བཙུགས་མི་མ་ཐོནམ་ཨིན་པས།
བཀྲིས་ཕུན་ཚོགས་ཀྱིས་ དམའ་ཤོས་ཚོགས་རྒྱན་༧ བྱམས་མཁར་རྒེད་འོག་གི་ ད་གླིང་མཁར་ཚོགས་རྒྱན་ས་ཁོངས་ལས་ ཐོབ་ཡོདཔ་ད་ ཡ་ལང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་ མང་སུ་འོང་མི་དེ་གིས་ཡང་ ཁྱད་པར་ཆགས་ཡོདཔ་ཨིན་པས།
དཔེ་འབད་བ་ཅིན་ ཡ་ལང་ལུ་ ཚོགས་རྒྱན་བཙུགས་མི་༦༡༩ འོང་མི་ལས་ བྱམས་མཁར་རྒེད་འོག་གི་ དོ་འགྲན་པ་ལུ་ཚོགས་རྒྱན་༤༨༨ ཡོདཔ་ད་ བཀྲིས་ཕུན་ཚོགས་ཀྱིས་ བཙག་འཐུ་གྲུབ་ཚུགས་མི་ཅིག་ ཁོ་ར་ཧེ་མ་ ཤེས་རིག་ནང་ལཱ་འབད་ཡོདཔ་ལས་ སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ཚུ་གི་ རྒྱབ་སྐྱོར་ལས་བརྟེན་ བཙག་འཐུ་འགྲུབ་ནི་ལུ་ ལྷན་ཐབས་འབད་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment