གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དར་དཀར་ རྫོང་ཉམས་གསོའི་ལཱ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ།

༠/༤/༢༠༡༣  ༉ སྤྱི་ལོ་༢༠༡༠ ཟླ་༡ པའི་ནང་ལས་འགོ་བཙུགས་ཏེ་ ལོ་ངོ་ཕྱེད་དང་༤ དེ་ཅིག་སོང་མི་ དར་དཀར་བཀྲིས་གཡང་རྩེ་རྫོང་ཉམས་གསོའི་ལཱ་ཚུ་ ཧ་ལམ་ མཇུག་བསྡུ་རན་ཁར་ ལྷོད་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལཱ་ཚུ་ ཤུལ་མའི་ཟླཝ་༣ གྱི་ནང་འཁོད་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།



ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ རྫོང་གཞིས་ཉམས་གསོའི་ལཱ་ཚུ་ ད་ལྟོ་བརྒྱ་ཆ་༩༠ དེ་ཅིག་ མཇུག་བསྡུ་ཡོདཔ་བཞིན་དུ་ ཕྱིའི་རྣམ་པ་ ཀ་ཆེན་ལ་སོགས་པའི་ ཤིང་ཆས་སོར་ནིའི་ལཱ་ཚུ་ སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་རུང་ ནང་གི་ལཱ་ བཅད་རྐྱབ་ནི་དང་ གསང་སྤྱོད་རྐྱབ་ནི་ལ་སོགས་པ་ཚུ་ སྤྱི་ཟླ་༧ པའི་ནང་ མཇུག་བསྡུ་ཚུགས་ཟེར་ཨིན་པས།
ད་རེས་ནངས་པ་ རྫོང་གཞིས་ཉམས་གསོའི་དོན་ལུ་ ཤིང་བཟོ་བོ་༥༣ དང་ རྡོ་བཟོ་བོ་༤༤ དེ་ལས་ རིག་རྩལ་མེད་པའི་ ལས་མི་ཚུ་རྩིས་ཏེ་ མི་གྲངས་༡༥༥ ཡོད་པའི་ཁར་ རྫོང་ཁག་འོག་གི་ རྒེད་འོག་༡༤ ནང་ལས་ འུར་ལཱཔ་མི་གྲངས་༤༨ ཡོདཔ་ཨིན་པས།
རྫོང་ཉམས་གསོའི་གྲངས་སུ་ གྲྭ་ཤག་གསརཔ་རྐྱབ་ནི་ཚུ་ ཚུདཔ་བཞིན་དུ་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་ཤོང་བའི་ གྲྭ་ཤག་དེ་ རྫོང་གི་འོག་ལུ་སྦེ་ འདས་པའི་ལོ་ནང་ར་ བཟོ་སྐྲུན་འབད་ ཚར་ཡོདཔ་ཨིན་པས།
ཉམས་གསོའི་དོན་ལུ་ ཤག་སྐོར་དང་ དབུ་རྩེ་ བླ་མའི་གཟིམ་ཅུང་ལ་སོགས་པ་ཚུ་ མང་ཤོས་ར་རྐྱབ་ཡོད་རུང་ སྦོམ་ཤོས་དེ་ རྫོང་ཁག་བདག་སྐྱོང་གི་ཁང་ཚན་ནང་ ཀ་ཆེན་ལ་སོགས་པའི་ ཤིང་ཆས་རུལ་རུལཝ་ཚུ་ སྔར་སྲོལ་གྱི་ བཟོ་བཀོད་ཐོག་ལུ་བཞག་སྟེ་ སོར་བཅོས་འབད་ཡི་ཟེར་ ལས་འགུལ་འཛིན་སྐྱོང་པ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པ་ ཉམས་བཅོས་ཀྱི་ལཱ་ལུ་བརྟེན་ གནས་སྐབས་ཅིག་གི་དོན་ལུ་ རྫོང་ཁག་བདག་སྐྱོང་གི་ཡིག་ཚང་ཚུ་ཡང་ མགྲོན་ཁྱིམ་ནང་ སྤོ་བཤུད་འབད་དེ་ཡོདཔ་ཨིན་པས།
རྫོང་ཉམས་གསོའི་ལཱ་དེ་ རྒྱ་གར་གཞུང་གི་གྲོགས་རམ་མ་དངུལ་ དངུལ་ཀྲམ་ས་ཡ་༡༢༥ བྱིན་ཐོག་ལས་ འབད་དོ་ཡོདཔ་ཨིན་པས།
རྫོང་གཞིས་དེ་ མི་ལོ་༤༠༠ ལྷགཔ་ཅིག་གི་ཧེ་མ་ དུས་རབས་༡༧ པ་ སྤྱི་ལོ་༡༦༥༡ ལུ་ ཞབས་དྲུང་རིན་པོ་ཆེའི་བཀའ་སློབ་དང་འཁྲིལ་ འབྲུག་རྣམ་རྒྱལ་གྱིས་ བཞེངས་ཡོདཔ་ཨིན་པས།
དར་དཀར་བཀྲིས་གཡང་རྩེ་རྫོང་དེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ རྫོང་ཆེན་༥ བཞེངས་མིའི་གྲས་ལས་ གཅིག་ཨིནམ་ད་ དེ་ཡང་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་རྫོང་ དབང་འདུས་ཕོ་བྲང་རྫོང་ སྤ་རོ་རིན་སྤུངས་རྫོང་ ཀྲོང་གསར་རྫོང་ དར་དཀར་བཀྲིས་གཡང་རྩེ་རྫོང་ བཞེངས་ཡོདཔ་ཨིན་པའི་གནས་ཚུལ།

དར་དཀར་ནང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment