གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནངས་པ་ཚོགས་རྒྱན་བཙུགས་ནི་ཨིན་རུང་ འདེམས་ངོ་ཚུ་ལུ་ ཚ་གྱང་མེདཔ།

༢༢/༤/༢༠༡༣  ༉ ཚོགས་རྒྱན་བཙུགས་ནི་ལུ་ ཉིནམ་༡ མ་གཏོགས་མེདཔ་ཨིན་རུང་ བསམ་རྩེ་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༧ ཆ་ར་ རྒྱལ་ཕམ་གྱི་ ཚ་གྱང་མེད་པར་ བློ་བདེ་ཏོག་ཏོ་སྦེ་ སྡོདཔ་ཨིན་པས།


འདེམས་ངོ་ཚུ་གིས་ ཁ་ཙ་ དྲོ་པའི་ཆུ་ཚོད་༩ ཚུན་ རང་སོའི་ བསྐུལ་བསྒྲགས་ཚུ་འབད་ཡོདཔ་ད་ ད་རིས་ བསྐུལ་བསྒྲགས་ལས་རིམ་གྱི་ དུས་ཡུན་ཚང་མི་དང་འབྲེལ་ ཁ་ཙ་ འདེམས་ངོ་ལ་ལུ་ཅིག་གིས་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་སྦེ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གི་ ཡིག་ཤུབས་ལི་ཕ་ཀ་པ་ ཁ་ཕྱེ་སར་ བཅའ་མར་གཏོགས་ཡོདཔ་ཨིན།
ཨིན་རུང་ འདེམས་ངོ་ལ་ལུ་ཅིག་ བསྐུལ་བསྒྲགས་ལས་རིམ་ཚུ་ལུ་བརྟེན་ འུ་སྡུག་ནི་དེ་གིས་ རང་སོའི་ཁྱིམ་ནང་ ངལ་འཚོ་སྟེ་སྡོད་ནུག།
ལི་ཕ་ཀ་པའི་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མིའི་ མི་ངོ་གསལ་བཀོད་ལག་ཁྱེར་ཡོདཔ་ད་ ལི་ཕ་ཁ་པའི་ནང་ གསང་བའི་ཚོགས་རྒྱན་ཡོདཔ་ཨིན་པས།
ཁ་ཙ་ ལི་ཕ་ཀ་པ་ ཁ་ཕྱེ་བའི་སྐབས་ འོད་གསལ་རྩེ་རྒེད་འོག་གི་འདེམས་ངོ་ ནཱ་ར་ཡཱན་ ད་ཧཱལ་དང་ བསམ་རྩེ་ཁྲོམ་སྡེའི་འདེམས་ངོ་ ཁྱུང་བདུད་ཚེ་རིང་ པདྨ་གླིང་རྒེད་འོག་གི་འདེམས་ངོ་ དཱན་ཀུ་མར་ ག་ལེ་ དེ་ལས་ རྡོ་ཕུག་ཅན་གྱི་འདེམས་ངོ་ ཆ་ཏ་ར་པ་ཏི་ ཕུ་ཡེལ་ཚུ་གིས་ འབྲེལ་གཏོགས་འབད་ཡོདཔ་ད་ ཁོང་གིས་ བསམ་བཤད་འབད་མིའི་ནང་ ཁྱིམ་ནང་ལཱ་མེད་པར་ དེ་སྦེ་ར་སྡོདཔ་ལས་ ལི་ཕ་ཀ་པ་ ཁ་ཕྱེ་སར་ བལྟ་བར་འོང་ཡི་ཟེར་ཨིན་པས།
དེ་ལས་ བསྟན་འབྲུ་རྒེད་འོག་གི་འདེམས་ངོ་ སངས་རྒྱས་མཁའ་འགྲོ་དང་ དན་ཅུ་ཁའི་འདེམས་ངོ་ ཁ་ར་ནཱན་ད་ ད་ཧཱལ་ དེ་ལས་ བསམ་རྩེ་རྒེད་འོག་གི་འདེམས་ངོ་ གཱ་ནེཤི་ གི་མི་རེ་ཚུ་གིས་ ཁོང་རའི་ རྒེད་འོག་ཚུ་ནང་ ངལ་གསོ་སྦེ་ སྡོད་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་གྱི་ ལི་ཕ་ཀ་པ་དེ་ ད་རིས་ ཁ་ཕྱེ་ཚར་ནི་དང་ དེ་བསྒང་ འདེམས་ངོའི་ ངོ་ཚབ་ཚུ་གིས་ འབྲེལ་གཏོགས་འབད་ནི་ཨིན་པས།
འདེམས་ངོ་ཚུ་གིས་ ད་ལྟོ་ཚུན་ རྒེད་འོག་མང་ཤོས་ཅིག་ནང་ བསྐུལ་བསྒྲགས་འབད་ཚར་ཡོདཔ་བཞིན་དུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འཛོལ་ནིའི་ཉེན་ཁ་ཚུ་ཡང་ མཐོང་ཡོདཔ་ཨིན་རུང་ རྒྱལ་ཕམ་གྱི་ཚ་གྱང་ མེད་ཟེར་ཨིན་པས།
འདེམས་ངོ་ལ་ལུ་ཅིག་གིས་འབད་བ་ཅིན་ ཚོགས་རྒྱན་འཕྲུལ་ཆས་གུ་སྦྱར་མི་ འདེམས་ངོའི་པར་ཚུ་ ཆུང་སོཔ་ལས་ དམིགས་བསལ་དུ་ རྒས་ཤོས་ཚུ་གིས་ ཚོགས་རྒྱན་འཛོལ་ཏེ་བཙུགས་ནིའི་ ཉེན་ཁ་ཡོད་པའི་ བསམ་འཆར་བཤདཔ་ཨིན་པས།
པདྨ་གླིང་རྒེད་འོག་གི་ ཚོགས་རྒྱན་བཙུགས་ནི་ལུ་ འོས་འབབ་ཡོད་མི་༡༢༠ ལུ་ ངོས་འཛིན་འདྲ་པར་ མ་ཐོབ་མི་ལུ་བརྟེན་ ཚ་གྱང་ལང་སྟེ་སྡོད་ཡོདཔ་ད་ ཨིན་རུང་ ངོས་འཛིན་འདྲ་པར་ཚུ་ ཁ་ཙ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
རྒེད་འོག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་སྦེ་ ངོས་འཛིན་འདྲ་པར་མ་ཐོབ་པར་ ལུས་མི་ཚུ་ཡང་ མང་ཤོས་ར་ དུས་ཅིའི་ལོ་ནང་ སྐྱེས་ལོ་༡༨ ལང་མི་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ འཛོམས་འདུའི་སྐབས་ ཚོགས་རྒྱན་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ནངས་པ་ ཚོགས་རྒྱན་གྱི་ཉིན་མར་ འདེམས་ངོ་མང་ཤོས་ཅིག་གིས་ རང་སོའི་དོན་ལུ་ ཚོགས་རྒྱན་བཙུགས་པར་ ཉིན་མ་ཁམས་ཅིག་ཁར་ འགྱོ་ནིའི་འཆར་གཞི་འདུག།
ཁ་ཙ་ཚུན་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༢༠༤ ལྷོད་ས་ལས་༢༤༢ ཆ་མེད་སོང་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ད་རིས་ ཕྱི་རུའི་ཆུ་ཚོད་༥ ཚུན་ འོང་ནི་ཨིན་པས།
བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་མང་ཤོས་ཅིག་ནང་ར་ ལི་ཕ་ཀ་པ་དང་ ཁ་པའི་ཡིག་ཆ་ཚུ་ འཛོལ་ཏེ་བཙུགས་ནུག་ཟེར་ཨིན་པས།
བསམ་རྩེ་ལུ་ རྒེད་འོག་༡༥ ཡོད་མི་ཚུ་ནང་ སྡེ་ཁྲིད་འགོ་དཔོན་༦༩ དང་ ཚོགས་རྒྱན་འགོ་དཔོན་ཚུ་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment