གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་མེ་ལས་འཛིན་གྱི་འཛིན་སྐྱོང་པ་ རྩི་རང་གི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ།

༢༤/༥/༢༠༡༣   ༉ རྩི་རང་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དེ་ འབྲུག་གློག་མེ་ལས་འཛིན་གྱི་ གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་གྱི་འཛིན་སྐྱོང་པ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
མཚོ་གླིང་མཁར་རྒེད་འོག་ནང་ ཚོགས་རྒྱན་བཙུགས་པའི་བསྒང་།


སྐྱེས་ལོ་༤༦ ལང་མི་ ཀ་མཱལ་བྷ་དྷུར་གུ་རུང་གིས་ ཚོགས་རྒྱན་ཡོངས་བསྡོམས་༢༡༦༥ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་རུང་ ནོ་བིན་དར་ལ་མི་གིས་༡༥༢༧ པ་སངས་ཐིང་ཏ་མང་གིས་༡༩༡༧ སངས་རྒྱས་ཏ་མང་གིས་༡༡༥༥ ཤི་ཡམ་བཱསི་ནེཊི་གིས་༡༧༢༥ ཐོབ་ཡོད་པའི་ཁར་ ཧེ་མའི་ཚོགས་སྡེའི་འཐུས་མི་བགྲེསཔ་ ཇཱསི་ཊེན་གུ་རུང་གིས་ ཉུང་ཤོས་ཚོགས་རྒྱན་༣༩༡ ལས་མ་ཐོབ་ཨིན་པས།
དེ་བཟུམ་སྦེ་ ཀ་མཱལ་གུ་རུང་གིས་ འགྲེམ་ཐོག་ཚོགས་རྒྱན་༢༡༦ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ ཇཱསི་ཊེན་གུ་རུང་གིས་༨༦ དང་ ནོ་བཱིན་དར་ལ་མི་གིས་༡༤༧ པ་སངས་ཏ་མང་གིས་༩༤ དེ་ལས་སངས་རྒྱས་ཏ་མང་གིས་༡༥༠ ཐོབ་ནུག།
ཀ་མཱལ་གུ་རུང་གིས་ ཀུན་གསལ་ལུ་སླབ་མིའི་ནང་ བཙག་འཐུ་འགྲུབ་ནི་ལུ་ ཧེ་མ་ལས་ རེ་བ་སྦོམ་ཡོད་མི་དེ་ཡང་ འདས་པའི་ལོ་༥ འི་ནང་འཁོད་ལུ་ རྫོང་ཁག་ནང་ རྩི་རང་ལུ་ གྲོང་གསེབ་གློག་མེ་བཀྲམ་སྤེལ་སྡེ་ཚན་གྱི་ འཛིན་སྐྱོང་པ་སྦེ་ སྡོད་པའི་སྐབས་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་སྡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་ཚུ་གིས་ ཁོ་ལུ་བློ་གཏད་དེ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་བྱིན་མི་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ འདི་བཟུམ་གྱི་ གོ་སྐབས་ཐོབ་མི་དེ་གིས་ འགན་ཁུར་ཐེབས་འབག་སྟེ་ ཕྱག་ཞུ་ནིའི་གོ་སྐབས་ཅིག་ཨིནམ་ལས་ ལཱ་འགན་དེ་ འབག་ཚུགས་པའི་ བློ་སྤོབས་ ཁོ་ལུ་སྦོམ་སྦེ་ར་ ཡོད་ཟེར་བཤདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment