གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་ཀྱི་མི་སེར་ཚུ་གིས་ ལྟ་བཤལ་ལས་སྡེའི་ཇོ་བདག་ གདམ་ཁ་རྐྱབ་ཡོདཔ།

༢༦/༤/༢༠༡༣   ༉ དབང་འདུས་ཕོ་བྲང་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དེ་ སྐྱེས་ལོ་༣༡ ལང་མི་ བཀྲིས་རྡོ་རྗེ་དེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ ཚོགས་སྡེའི་འཐུས་མི་བགྲེསཔ་ བསོད་ནམས་དབྱངས་ཅན་དང་ ཕྱག་རྡོར་རྣམ་རྒྱལ་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་ར་ རུས་སྦིས་ས་རྒེད་འོག་ལས་ཨིན་པས།
བཙག་འཐུ་གྲུབ་མི་ བཀྲིས་རྡོ་རྗེ།


བཀྲིས་རྡོ་རྗེ་གིས་ ཚོགས་རྒྱན་༥,༨༤༨ ཐོབ་ཡོདཔ་ད་ བསོད་ནམས་དབྱངས་ཅན་གྱིས་ ཚོགས་རྒྱན་༣,༥༤༠ དེ་ལས་ ཕྱག་རྡོར་རྣམ་རྒྱལ་གྱིས་ ཚོགས་རྒྱན་༧༢༣ ལས་བརྒལ་ཐོབ་མ་ཚུགས་པས།
རྫོང་ཁག་ནང་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༡༧,༦༧༣ དེ་ཅིག་ཡོད་ས་ལས་ སྤྱི་ཟླ་༤ པའི་ཚེས་༢༣ གྱི་བཙག་འཐུ་ནང་ མི་ངོ་༡༠,༡༡༡ གིས་ བཅའ་མར་གཏོགས་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༩༠༠ བཙུགས་ས་ལས་ བཀྲིས་རྡོ་རྗེ་གིས་༤༢༢ དང་ བསོད་ནམས་དབྱངས་ཅན་གྱིས་༣༨༤ དེ་ལས་ ཕྱག་རྡོར་རྣམ་རྒྱལ་གྱིས་༩༤ ཐོབ་ཡོདཔ་ཨིན་པས།
བཀྲིས་རྡོ་རྗེ་གིས་ རྒེད་འོག་༡༥ ཆ་མཉམ་ལས་ ཚོགས་རྒྱན་འདྲ་མཉམ་སྦེ་ ཐོབ་ཡོདཔ་ད་ ཁོ་ར་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་སྦེ་ ན་ཧིང་ སྤྱི་ཟླ་༣ པ་ལས་ར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ ཁོ་གིས་ མི་སེར་གྱི་དོན་ལུ་ ཁས་བླངས་མ་འབད་མི་དེ་ཡང་ གཡུས་སྒོའི་དཀའ་ངལ་ཚུ་ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ འཕྲལ་མགྱོགས་ར་ གཡུས་ཚན་ཚུ་ནང་ ལྟ་སྐོར་འབད་བའི་ཤུལ་ལས་ ཁས་བླངས་ཚུ་ འབད་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ བསོད་ནམས་དབྱངས་ཅན་དེ་ འདེམས་ངོ་དོ་འགྲན་ཅན་ཅིག་ ཨིན་མི་དེ་ཡང་ མོ་ར་ ཚོགས་སྡེའི་འཐུས་མི་བགྲེསཔ་ཅིག་ཨིནམ་མ་ཚད་ ལྕོགས་གྲུབ་ཅན་ཅིག་ འབད་ནི་དེ་གིས་ཨིནམད་ ཨིན་རུང་ མི་སེར་ཚུ་གིས་ ཁོ་བཙག་འཐུ་འབད་དགོ་མི་དེ་ཡང་ མི་སེར་ཚུ་གིས་ སྤྱིར་བཏང་གྲོས་འཛོམས་དང་ རྩོད་བསྡུར་ལས་རིམ་ཚུ་ རྒྱང་མཐོང་ཊི་བི་ནང་ བལྟ་བའི་ཤུལ་ལས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ ཐག་བཅད་བཅདཔ་འོང་ནི་མས་ཟེར་ཨིན་པས།
བཀྲིས་རྡོ་རྗེ་གིས་ རྒྱལ་ཁ་ཐོབ་མི་དེ་ཡང་ ཁོ་རའི་ ཉམས་མྱོང་ལུ་བརྟེན་ཨིནམ་ད་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སླབ་མིའི་ནང་ ཁོང་གི་དོན་ལུ་ འདེམས་ངོ་དེ་ ངེས་པར་དུ་ ལྕོགས་གྲུབ་ཅན་ཅིག་དགོ་ཟེར་ཨིནམ་ད་ དེ་ཡང་ མི་ལྕོགས་གྲུབ་ཡོད་མི་དེ་གིས་ རྒྱལ་ཁབ་ཀྱི་མཐའ་དོན་ཚུ་ ལེགས་ཤོམ་སྦེ་ འགྲུབ་ཚུགས་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྐྱེས་ལོ་༡༩ ལང་མི་ པདྨ་སྒྲོལ་མ་གིས་ སླབ་མིའི་ནང་ འདེམས་ངོ་བཀྲིས་རྡོ་རྗེ་དེ་ ལྕོགས་གྲུབ་ཅན་འདུག་ཟེར་ཨིནམ་ད་ མ་གཞི་ འདེམས་ངོ་བཀྲིས་རྡོ་རྗེ་དེ་ རྒྱང་མཐོང་ཊི་བི་ནང་ མ་མཐོང་རུང་ ཤུལ་ལས་ ངོ་མ་སྦེ་མཐོངམ་ད་ མི་ལེགས་ཤོམ་འདུག་ཟེར་ཨིན་པས།
བཀྲིས་རྡོ་རྗེ་གིས་ དབང་འདུས་རྫོང་ཁག་ནང་ལས་ ཚོགས་རྒྱན་བརྒྱ་ཆ་༥༨ ཐོབ་ཡོདཔ་ད་ བསོད་ནམས་དབྱངས་ཅན་གྱིས་ བརྒྱ་ཆ་༣༥ དེ་ལས་ ཕྱག་རྡོར་རྣམ་རྒྱལ་གྱིས་ ཚོགས་རྒྱན་བརྒྱ་ཆ་༧ ལས་ མ་ཐོབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment