གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་ནག་ནང་གི་བཙག་འཐུ་ ཕར་འགྱངས་འབད་སྲིད་ནི།

༢༣/༤/༢༠༡༣   ༉ གལ་སྲིད་ ད་རིས་དྲོ་པ་ ལུང་ནག་ནང་ལུ་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགས་པ་ཅིན་ རྒེད་འོག་དེ་ནང་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དེ་ ཕར་འགྱངས་འབད་དགོ་ནི་ཨིན་པས།
དེ་ཡང་ ད་ཚུན་གྱི་བར་ན་ མགར་ས་ལུ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ལས་བརྟེན་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགསཔ་ལས་ བཙག་འཐུ་འགོ་དཔོན་ཚུ་དང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་མ་ཚུགསཔ་ཨིན་པས།

ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་པའི་ ལུང་ནག་ནང་གི་ མི་སེར་ཚུ།


འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཁ་ཙ་ མགར་ས་རྫོང་ཁག་གི་ བཙག་འཐུ་འགོ་དཔོན་ཚུ་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ ད་རིས་དྲོ་པ་ འཕུར་འགྲུལ་འབད་དེ་ ས་གནས་གཞན་ཁར་བཟུམ་སྦེ་ བཙག་འཐུ་འགོ་འདྲེན་འཐབ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེའི་དོན་ལུ་ ཁ་ཙ་ ཚོགས་རྒྱན་འགོ་དཔོན་༣ དང་ ཚོགས་རྒྱན་འཕྲུལ་ཆས་༤ དབང་འདུས་ལུ་ བསྐྱལ་བཏང་ཡོདཔ་ད་ དེ་ཡང་ ད་རིས་དྲོ་པ་ གནམ་གྲུ་ཧེ་ལི་ཀོབ་ཊར་དེ་ མགར་ས་ལུ་ འཕུར་འགྲུལ་འབད་མ་དགོ་པར་ ཕྲངམ་ཕྲང་ས་ ལུང་ནག་ནང་ལུ་ འཕུར་འགྲུལ་འབད་ཚུགས་ནིའི་དོན་ལུ་ཨིན་པས།
རྫོང་ཁག་བཙག་འཐུའི་ འགོ་འདྲེན་སྤྱི་ཁྱབ་ རྫོང་བདག་བསོད་ནམས་འཇིགས་མེད་ཀྱིས་ སླབ་མིའི་ནང་ སྡེ་ཚན་དེ་ དབང་འདུས་ལུ་ བཏང་དགོ་མི་དེ་ཡང་ དུས་ཡུན་ཐུང་སུ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
གནམ་གྲུ་གིས་ ད་རིས་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༣ ཆ་རའི་ནང་ ཚོགས་རྒྱན་འགོ་དཔོན་ཚུ་དང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་ཚུགས་པའི་ དམིགས་གཏད་ཨིན་པས།
ཚོགས་རྒྱན་འགོ་དཔོན་༣ དང་ ཚོགས་རྒྱན་འཕྲུལ་ཆས་༡ ཝ་བཅད་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ནང་ བཞག་པའི་ཤུལ་ལས་ ཐང་བཟའ་དང་ ཧེ་དཱི་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ ཚོགས་རྒྱན་འཕྲུལ་ཆས་རེ་ བཞག་ནི་ཨིནམ་ད་ ས་ཁོངས་༢ ནང་ ཚོགས་རྒྱན་འགོ་དཔོན་ཚུ་ ཧེ་མ་ལས་ སྒུག་སྡོད་ཡོདཔ་ཨིན་པས།
གལ་སྲིད་ གནམ་གཤིས་གནས་སྟངས་ལུ་ ལེགས་འགྱུར་མེད་པ་ཅིན་ བཙག་འཐུ་ཕར་འགྱངས་འབདཝ་ད་ ལུང་ནག་ནང་གི་ ཐང་བཟའ་དང་ མཚོ་གཞོང་གཡུས་ཚན་ནང་ ད་རེས་ཀྱི་ བདུན་ཕྲག་མཇུག་བསྡུ་ཁམས་ཅིག་ཁར་ ལོ་བསྟར་གྱི་ མདའ་རྩེད་འགྲན་བསྡུར་ འགོ་བཙུགས་པའི་སྐབས་ ཚོགས་རྒྱན་བཙུགས་མི་ཚུ་ མར་འབབ་འགྱོ་ནིའི་ཉེན་ཁ་ཡོད་ཟེར་ འདེམས་ངོ་ཅིག་གིས་ སླབ་ཨིན་པས།
དེ་འབདཝ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་འབད་བ་ཅིན་ བཙག་འཐུའི་དུས་ཚོད་ལུ་ དེ་བཟུམ་གྱི་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་བཅུག་ཟེར་ཨིན་པས།
འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གིས་འབད་བ་ཅིན་ ལུང་ནག་ནང་ལུ་ བཙག་འཐུ་ཕར་འགྱངས་འབད་བའི་སྐབས་ ཚོགས་རྒྱན་བཙུགས་མི་ཚུ་ ཡར་དཀྲུག་མར་དཀྲུག་འབད་ནིའི་ ཉེན་ཁ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལ་ལུ་ཅིག་གིས་ ཚོགས་རྒྱན་བཙུགས་པའི་སྐོར་ལས་ཡང་ སླབ་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
ལུང་ནག་ནང་གི་བཙག་འཐུ་ ཕར་འགྱངས་འབད་རུང་ ལ་ཡ་དང་ ཁ་སྟོད་ དེ་ལས་ ཁ་སྨད་རྒེད་འོག་ཚུ་ནང་གི་ བཙག་འཐུ་དེ་ ད་རིས་ར་ འགོ་འདྲེན་འཐབ་ནི་ཨིན་པས།
ངོས་ལེན་འགོ་དཔོན་ ཟླ་བ་དཔལ་འབྱོར་གྱིས་ སླབ་མིའི་ནང་ བཙག་འཐུའི་གྲུབ་འབྲས་དེ་ གསང་བའི་ཐོག་ལུ་ བཞག་ནིའི་དོན་ལས་ ལེགས་ཤོམ་སྦེ་ ཉེན་སྲུང་འབད་དེ་ ལུང་ནག་ནང་གི་ བཙག་འཐུ་འབད་ཚར་བའི་ཤུལ་ལས་ གྲུབ་འབྲས་གསལ་སྟོན་འབད་ནི་ཟེར་ཨིན་པས།
ལུང་ནག་ནང་ལུ་ བཙག་འཐུ་འགོ་འདྲེན་འཐབ་ནི་དེ་ སྤྱི་ཟླ་༤ པའི་ཚེས་༡༦ ལས་ གྲ་སྒྲིག་འབད་དེ་ ཚོགས་རྒྱན་འགོ་དཔོན་དང་ ཚོགས་རྒྱན་འཕྲུལ་ཆས་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྤྱི་ཟླ་༤ པའི་ཚེས་༡༨ ལས་ རྒྱ་གར་གྱི་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ ཀྱིས་ ལན་ཐེངས་༣ འཕུར་འགྲུལ་འབད་ནིའི་ དཔའ་བཅམ་རུང་ མཐར་འཁྱོལ་བྱུང་མ་ཚུགསཔ་ལས་ ཁ་ཉིནམ་ལོག་འགྱོ་བའི་ཤུལ་ལས་ ནེ་པཱལ་གྱི་གནམ་གྲུ་ཅིག་ གླ་ཁར་ལེན་མི་དེ་གིས་ ཁ་ཙ་ དྲོ་པ་ཚར་༢ འཕུར་འགྲུལ་འབད་ནིའི་ དཔའ་བཅམ་རུང་ འབད་མ་ཚུགས་པར་ ལོག་དགོཔ་ཐོན་ཡོདཔ་ཨིན་པས།
འདས་པའི་ཉིནམ་༢ ཀྱི་རིང་ མགར་ས་ལུ་ ཆརཔ་ཤུགས་སྦེ་རྐྱབ་པའི་ཁར་ ས་སྨུག་སྤུབས་མི་དང་ ལུང་ནག་ནང་དང་ ལ་ཡ་རྒེད་འོག་ནང་ ཁཝ་རྐྱབ་མི་ལུ་བརྟེན་ གནམ་གཤིས་ལེགས་ཤོམ་མི་འོང་ནི་ཨིནམ་ལས་ ད་རིས་དྲོ་པ་ ལུང་ནག་ནང་ལུ་ གནམ་གྲུ་འཕུར་འགྲུལ་འབད་ཚུགས་པའི་ གོ་སྐབས་ཉུང་སུ་ཅིག་ལས་ མེདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment