གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ཚོད་བསྲེ་ཁྲོམ་ཁར་ ཨེ་མ་གསརཔ་ཐོན་ཡོདཔ།

༢༣/༤/༢༠༡༣  ༉ བཀྲིས་གཡང་རྩེ་རྫོང་ཁག་ སྟོང་གཞང་རྒེད་འོག་ལས་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ པདྨ་གིས་ ད་རེས་ནངས་པ་ མོང་སྒར་ཚོད་བསྲེ་ཁྲོམ་གྱི་སྟེང་ཐོག་ལུ་ དགའ་འཛུམ་དང་བཅསཔ་སྦེ་ ཚོད་བསྲེ་བཙོང་ཚུགས་མི་དེ་ལུ་ གནད་དོན་གཞན་ཡོདཔ་ཨིན་པས།
མོང་སྒར་ལུ་ ཨེ་མ་གསརཔ་བཙོང་པའི་བསྒང་།


དེ་ཡང་ མོ་རའི་རྨགཔ་དེ་ སྨན་ཁང་ནང་ལཱ་འབད་མི་ཅིག་ཨིན་རུང་ ནང་མི་བཟའ་ཚང་ཚུ་ འཚོ་སྐྱོང་འཐབ་དགོ་པའི་ཁར་ ཨ་ལུ་༤ ལུ་ ཟད་འགྲོ་གཏང་ནིའི་དོན་ལུ་དམིགས་ཏེ་ མོ་གིས་ གཡུས་ཁ་སོང་ཞིནམ་ལས་ རྒྱལ་ཁབ་ནང་ འགོ་ཐོག་ཐོན་མི་ ཨེ་མ་གསརཔ་ ཚུ་ བཙོང་ནི་ཡོད་མི་ལུ་བརྟེན་ཨིན་པས།
མོ་གིས་ མོང་སྒར་ཚོད་བསྲེ་ཁྲོམ་ཁར་ འདས་པའི་བདུན་ཕྲག་ནང་ལས་ ཨེ་མ་གསརཔ་བཙོང་ནི་ འགོ་བཙུགས་མི་དེ་གིས་ དངུལ་གྱི་འོང་འབབ་སྦོམ་བཟོ་ཚུགས་པའི་ཁར་ མོང་སྒར་ཁྲོམ་ཁར་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ཚུ་གིས་ཡང་ ཨེ་མ་གསརཔ་ བཟའ་ནི་འཐོབ་ཡོདཔ་ལས་ སེམས་དགའ་སྟེ་ ཨེ་མ་ཉོ་དོ་ཡོདཔ་ཨིན་པས།
གཡང་རྩེ་ རྫོང་ཁག་གི་ ས་ཁ་དམའ་སའི་ སོ་ནམ་པ་ཚུ་གིས་ དངུལ་གྱི་འོང་འབབ་བཟོ་ཐབས་ལུ་དམིགས་ཏེ་ ཟླཝ་༡༢ པའི་ནང་ལས་ར་ ཨེ་མའི་སོན་བཏབ་ནི་ འགོ་བཙུགས་མི་གིས་ ཟླཝ་༣ དེ་ཅིག་གི་རྒྱབ་ལས་ དངུལ་གྱི་འོང་འབབ་བཟོ་ཚུགས་དོ་ཡོདཔ་ལས་ ད་ལྟོ་ ཨེ་མ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༠༠ རེ་སྦེ་ ཐོག་ཆག་མེད་པར་ ཐོབ་དོ་ཡོདཔ་ཨིན་པས།
མོང་སྒར་ཁྲོམ་ཁར་ ཨེ་མ་འགོ་དང་པ་ བཙོང་པར་ལྷོད་མི་པདྨ་གིས་ སླབ་མིའི་ནང་ ཁོང་རའི་བློ་འདོད་ལྟར་ གོང་ཚད་ག་སླབ་མི་དེ་ ཐད་ཀར་དུ་ ཐོབ་ཚུགས་དོ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ སོ་ནམ་པ་མང་ཤོས་ཅིག་གིས་ འགོ་དང་པ་བཙོང་པར་ལྷོད་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ་ལས་ མོང་སྒར་རྫོང་ཁག་ ཙ་ཀ་གླིང་རྒེད་འོག་གི་ མི་སེར་ལ་ལུ་ཅིག་གིས་ཡང་ ཚོད་བསྲེ་ཁྲོམ་ཁར་ འདས་པའི་བདུན་ཕྲག་ནང་ལས་ གཡུས་ཁའི་ཨེ་མ་བཙོང་པར་ ལྷོད་ཡོདཔ་ཨིན་པས།
པདྨ་གིས་ སླབ་མིའི་ནང་ མོ་གིས་ མོང་སྒར་ཁྲོམ་ཁ་ལུ་ དུས་ཅི་ འགོ་ཐོག་ཨེ་མ་ཀེ་ཇི་༦༠ འབག་འོང་མི་གིས་ ཨེ་མ་ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་༢༠༠ རེ་སྦེ་ བཙོང་ཡོདཔ་ལས་ ཡོངས་བསྡོམས་དངུལ་ཀྲམ་༡༢,༠༠༠ ལྷགཔ་ཅིག་ ཐོབ་ཅི་ཟེར་ཨིན་པས།
ད་རུང་ མོ་གིས་ བཀྲིས་གཡང་རྩེ་ལས་ ཨེ་མ་ཀེ་ཇི་༢༠ སྦེ་མི་ དོས་༥ འབག་འོང་མི་ཡང་ ཉིནམ་གཅིག་ལུ་ར་ ཧ་ལམ་བཙོང་ཚར་ཡོདཔ་ལས་ རིན་གོང་དངུལ་ཀྲམ་༢༠༠ རེ་བཙོང་སྟེ་ ཡོངས་བསྡོམས་དངུལ་ཀྲམ་༢༠,༠༠༠ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
ཤུལ་མའི་ ཟླཝ་ནང་ལས་ མོང་སྒར་གྱི་ གཡུས་སྒོ་མང་ཤོས་ཅིག་ནང་ལས་ ཨེ་མ་གསརཔ་ བཙོང་པར་ལྷོད་ནི་ཨིནམ་ལས་ གོང་ཚད་ཚུ་ལོག་ལྟབ་ཀྱིས་ མར་འབབ་འགྱོ་འོང་ཟེར་ཨིནམ་ལས་ ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་  གོང་ཚད་ལེགས་ཤོམ་ ཐོབ་ཚུགས་པས་ཟེར་ཨིན་པས།
རྫོང་ཁག་ནང་འབད་བ་ཅིན་ ཨེ་མ་གསརཔ་ འགོ་ཐོག་དེ་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་གཡུས་ཚན་ནང་ལས་ འཐོན་དོ་ཡོདཔ་ལས་ གཏོར་མ་གཞོང་གི་ མི་སེར་སོ་ནམ་པ་ཚུ་ལུ་ དངུལ་ཐོག་ངོ་མ་ཅིག་ ཨེ་མ་འདི་ཨིན་པས།
མོང་སྒར་ ཚོད་བསྲེད་ཁྲོམ་ཁར་ ཚོད་བསྲེ་བཙོང་མི་ སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཁོ་གིས་ཡང་ གཡང་རྩེ་རྫོང་ཁག་གི་ ཨེ་མ་ཧ་སུ་ ཐོན་ཚུགས་པའི་རེ་བ་བསྐྱེད་དེ་ ག་དེམ་ཅིག་ རྩ་འགེངས་ཏེ་ལཱ་འབད་རུང་ དོ་འགྲན་འབད་མ་ཚུགས་ཟེར་ཨིན་པས།
ད་ལས་ཕར་ མོང་སྒར་རྫོང་ཁག་གི་ གཡུས་སྒོ་ཚུ་ནང་ལས་ ཨེ་མ་འཐོན་པའི་བསྒང་ལས་ གོང་ཚད་དངུལ་ཀྲམ་༥༠ དང་༡༠༠ མ་གཏོགས་ འཐོབ་མི་ཚུགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment