གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་དངུལ་ཁང་གིས་ རྒྱལ་རྟགས་གསོལ་རས་ཐོབ་ཡོདཔ།

༢༣/༤/༢༠༡༣  ༉ མཐུན་ལམ་ལས་སྡེ་གིས་ ལས་ཁུངས་ཁག་གི་བར་ནའི་ ཕུཊ་བཱོལ་རྩེད་འགྲན་འགོ་འདྲེན་འཐབ་མི་ལས་ སྤྱི་ཟླ་༤ པའི་ཚེས་༢༡ ལུ་ འབྲུག་གི་དངུལ་ཁང་གིས་ མཐའ་བཅད་རྩེད་འགྲན་ནང་ གསོ་བའི་ལྷན་ཁག་ཕམ་བཏང་སྟེ་ རྒྱལ་ཁ་ཐོབ་ཅི།
རྒྱལ་རྟགས་གསོལ་རས་ལེན་མི་ འབྲུག་གི་དངུལ་ཁང་སྡེ་ཚན།


སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༡ ནང་ འབྲུག་གི་དངུལ་ཁང་གིས་ གཱོལ་༡ བཙུགས་ཡོད་རུང་ བར་མཚམས་ངལ་འཚོ་ཚུན་ སྡེ་ཚན་གཞན་མི་དེ་གིས་ གཱོལ་༡ ཡང་ བཙུགས་མ་ཚུགས།
ཨིན་རུང་ བར་མཚམས་ངལ་འཚོ་ལས་ དུས་ཡུན་སྐར་མ་༥༨ ལངམ་ད་ གསོ་བའི་སྡེ་ཚན་གྱིས་ གཱོལ་བཙུགས་ཏེ་ སྡེ་ཚན་༢ ཀྱི་བར་ན་ གཱོལ་འདྲན་འདྲ་བཙུགས་ཡོདཔ་ལས་ སྡེ་ཚན་༢ ཆ་རའི་ཁ་ཐུག་ལས་ རྩ་འགེངས་ཏེ་ རྩེད་འགྲན་འབད་ཡི།
དུས་ཡུན་སྐར་མ་༧༨ ནང་ འབྲུག་གི་དངུལ་ཁང་གིས་ ད་རུང་ གཱོལ་༢ པམ་དེ་བཙུགས་པའི་ཤུལ་ལས་ སྡེ་ཚན་གཞན་མི་དེ་གིས་ དོ་འགྲན་ཐོག་ རྩེད་འགྲན་འབད་རུང་ གཱོལ་བཙུགས་མ་ཚུགས།
ཨང་༡ པ་ཐོན་མི་ལུ་ འབྲུག་གི་དངུལ་ཁང་ལུ་ འགོ་འདྲེན་པའི་ཁ་ཐུག་ལས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡༠༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ལས་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་མི་ ཐིམ་ཕུ་ཁྲོམ་སྡེ་དང་ འབྲུག་ཉེན་བཅོལ་ཚད་འཛིན་ དེ་ལས་ འབྲུག་བརྡ་དོན་དང་བརྒྱུད་འབྲེལ་སྡེ་ཚན་ལུ་ དངུལ་ཀྲམ་༡༥,༠༠༠ བྱིན་ཡོདཔ་ཨིན་པས།
མཐུན་ལམ་ལས་སྡེ་ལས་ འགོ་འདྲེན་འཐབ་མི་ཅིག་གིས་ སླབ་དོ་བཟུམ་སྦེ་འབད་བ་ཅིན་ དུས་ཅི་ ལས་ཁུངས་ཁག་གི་བར་ན་ ཕུཊ་བཱོལ་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ སྡེ་ཚན་༡༦ གིས་ བཅའ་མར་གཏོགས་ཡོདཔ་ལས་ བསམ་པ་རྫོགས་ཅི་ཟེར་ཨིན་པས།
འགྲན་བསྡུར་དེ་ སྤྱི་ཟླ་༢ པའི་ཚེས་༢༣ ལས་ འགོ་བཙུགས་ཡོདཔ་ད་ སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༩,༥༠༠ རེ་ བསྡུ་ལེན་འབད་ཡོདཔ་བཞིན་དུ་ འགྲན་བསྡུར་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment