གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་མེད་རིག་འཛིན་གྱིས་ ལོ་༡༠ གྱི་རིང་ མི་སེར་གྱི་ཞབས་ཏོག་ཞུ་ནིའི་གོ་སྐབས།

༢༥/༤/༢༠༡༣   ༉ ཚོགས་རྒྱན་ངོས་ལེན་འགོ་དཔོན་ཚུ་གིས་ ཚོགས་རྒྱན་བསྡུ་སྒྲིག་འབད་མ་ཚརཝ་ལས་ འཐུས་མི་བགྲེསཔ་ འཇིགས་མེད་རིག་འཛིན་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ བཀྲིན་དགའ་ཚོར་གྱི་ བརྒྱུད་འཕྲིན་ཚུ་ ལྷོད་ཡོདཔ་ཨིན་པས།
འཇིགས་མེད་རིག་འཛིན།


དེ་ཡང་ འཇིགས་མེད་རིག་འཛིན་ལུ་ བཀྲིས་བདེ་ལེགས་ཀྱི་བརྒྱུད་འཕྲིན་ འོང་བའི་སྐབས་ པདྨ་དགའ་ཚལ་རྫོང་ཁག་གི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་ངོས་ལེན་འགོ་དཔོན་ཚུ་གིས་ ཚོགས་རྒྱན་བསྡུ་སྒྲིག་འབད་བའི་བསྒང་ཨིན་རུང་ མི་ཚུ་གིས་ ཚོད་དཔག་ཐོག་ལས་ པདྨ་དགའ་ཚལ་ ཤུ་མར་རྒེད་འོག་ལས་ འཇིགས་མེད་རིག་འཛིན་གྱིས་ རྒྱལ་ཁ་འཐོབ་ཐོབ་བཟུམ་སྦེ་ སླབ་ཡོདཔ་ཨིན་པས།
མི་ཚུ་གིས་ ཚོད་དཔག་འབད་དོ་བཟུམ་སྦེ་ར་ འཐུས་མི་བགྲེསཔ་དེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གིས་ འཕྲུལ་ཆས་ཚོགས་རྒྱན་༣༧༡༧ དང་ འགྲེམ་ཐོག་ཚོགས་རྒྱན་༡༤༦༧ ཐོབ་སྟེ་ རྒྱལ་ཁ་ཐོབ་པའི་སྐབས་ དོ་འགྲན་འབད་མི་ ན་ནོང་རྒེད་འོག་ལས་ པདྨ་དབང་ཕྱུག་གིས་ འཕྲུལ་ཆས་ཚོགས་རྒྱན་༣༠༨༡ དང་ འགྲེམ་ཐོག་ཚོགས་རྒྱན་༤༦༤ ཐོབ་ཡོདཔ་ཨིན་པས།
འདེམས་ངོ་༣ གྱི་གྲས་ལས་ ཉུང་ཤོས་ར་ བདེ་ཆེན་གླིང་རྒེད་འོག་ལས་ སྐྱེས་ལོ་༢༩ ལང་མི་ ཤེས་རབ་རྒྱ་མཚོ་གིས་ འཕྲུལ་ཆས་ཚོགས་རྒྱན་༡༦༨༥ དང་ འགྲེམ་ཐོག་ཚོགས་རྒྱན་༣༨༤ ཐོབ་ནུག།
བཙག་འཐུ་གྲུབ་མི་ འཇིགས་མེད་རིག་འཛིན་གྱིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཁོ་ལུ་ བློ་གཏད་ཐོག་ལས་ བཙག་འཐུ་འབད་ཡོདཔ་ལས་ ད་ལས་ཕར་ ལོ་༥ འི་རིང་ལུ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ ཧེ་མ་བལྷག་སྟེ་ ཕྱག་ཕྱིད་ཞབས་ཏོག་གང་དྲག་ ཞུ་ནི་ཟེར་ཨིན་པས།
ཁོ་རའི་བསམ་འཆར་ལས་འབད་བ་ཅིན་ ཚོགས་རྒྱན་གྱི་ཁྱད་པར་སྦོམ་ཞུགས་ཐོག་ལས་ འཐུས་མིའི་རྒྱལ་ཁ་ཐོབ་ཚུགས་མི་དེ་ འགྲེམ་ཐོག་ཚོགས་རྒྱན་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཚོགས་རྒྱན་ཉུང་སུ་ཅིག་ལས་བརྒལ་ ཐོབ་མ་ཚུགས་མི་ ཤེས་རབ་རྒྱ་མཚོ་གིས་ ཚོགས་རྒྱན་གྱི་གྲུབ་འབྲས་ལུ་ལྟ་སྟེ་ སེམས་དགའ་ཡི་ཟེར་ཨིནམ་ད་ དེ་ཡང་ མི་སེར་ཚུ་གིས་ བཙག་འཐུ་ལེགས་ཤོམ་ འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
པདྨ་དབང་ཕྱུག་དེ་ འདེམས་ཁོངས་ལྟ་སྐོར་དང་ འཛོམས་འདུ་ དེ་ལས་ རྩོད་བསྡུར་ནང་ མིང་གཏམ་སྦོམ་ཡོད་རུང་ ཚོགས་རྒྱན་ནང་ལས་ ཕམ་ཡོད་མི་དེ་ ཉམས་མྱོང་ཡོད་མི་དེ་ར་ གདམ་ཁ་རྐྱབ་དོ་བཟུམ་གྱི་ འཚོར་སྣང་བྱུང་ཡི་ཟེར་ ཚོགས་རྒྱན་བཙུགས་མི་ལ་ལུ་ཅིག་གིས་ སླབ་ཨིན་པས།
པདྨ་དགའ་ཚལ་ལས་ འབྲུག་གི་མི་རྗེ་བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཚོགས་རྒྱན་པར་ མ་བྱོནམ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་ཡང་ བཙུགས་མ་གནང་བའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
པདྨ་དགའ་ཚལ་ནང་ འཕྲུལ་ཆས་ཚོགས་རྒྱན་༩༠༢༦ དང་ འགྲེམ་ཐོག་ཚོགས་རྒྱན་༢༢༧༩ བཙུགས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment