གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་གིས་ བསྟན་པ་རྡོ་རྗེ་དེ་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འབད་ཡོདཔ།

༢༤/༤/༢༠༡༣   ༉ ལྷུན་རྩེ་རྫོང་ཁག་གི་ རྒེད་འོག་༨ ཀྱི་མི་སེར་ཚུ་གིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ རྒྱ་རེད་རྒེད་འོག་ལས་ སྐྱེས་ལོ་༤༥ ལང་མི་ བསྟན་པ་རྡོ་རྗེ་ བཙག་འཐུ་འབད་ཡོདཔ་ད་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༥༨༡ དང་ འཕྲུལ་ཆས་ཚོགས་རྒྱན་༢,༦༡༢ འབདཝ་ད་ ཚོགས་རྒྱན་བསྡོམས་༣,༡༩༣ ཐོབ་ཡོདཔ་ཨིན་པས།
བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མི་ བསྟན་པ་རྡོ་རྗེ།


ཁོ་གི་དོ་འགྲན་པ་ མཁོ་མ་རྒེད་འོག་ལས་ སྐྱེས་ལོ་༤༤ ལང་མི་ ཚོགས་སྡེའི་འཐུས་མི་བགྲེསཔ་ རིག་འཛིན་རིག་འཛིན་གྱིས་ ཚོགས་རྒྱན་བསྡོམས་༢,༡༢༢ ཐོབ་ཡོད་མི་ལས་ འགྲེམ་ཐོག་ཚོགས་རྒྱན་༥༣༡ དང་ འཕྲུལ་ཆས་ཚོགས་རྒྱན་༡,༥༩༡ བཙུགས་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུག་ཆོག་མི་བསྡོམས་༡༤,༣༤༨ ཡོད་ས་ལས་ ཁ་ཙ་ ས་ཁོངས་ནང་ ཚོགས་རྒྱན་བཙུགས་མི་༤,༢༠༣ དང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་༡,༡༡༢ ཡོདཔ་ལས་ ཚོགས་རྒྱན་བསྡོམས་༥,༣༡༥ ཐོབ་ཡོདཔ་ཨིན་པས།
རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༡,༨༢༨ ལྷོད་མི་ལས་༡,༤༥༠ ཆ་གནས་འབད་ཡོདཔ་ད་ ཚོགས་རྒྱན་༣༧༨ ཆ་མེད་བཏང་ཡོདཔ་ཨིན་པས།
རྫོང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་ཙ་ ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ལས་བརྒལ་མེད་མི་དེ་ཡང་ རྫོང་ཁག་དེ་ནང་ གུང་སྟོང་ཡོདཔ་ལས་བརྟེན་ཨིནམ་ད་ དེ་མ་ཚད་ རྫོང་ཁག་དེ་ནང་ དོ་འགྲན་འབད་མི་༢ ལས་བརྒལ་མེད་ནི་དེ་གིས་ ཨིནམ་འོང་ནི་མས།
ལྷུན་རྩེ་རྫོང་ཁག་ནང་གི་ ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་ ཚོགས་རྒྱན་འདྲ་པར་ཐོབ་ཡོད་རུང་ ཁོ་རའི་མིང་ཐོ་དེ་ བཙག་འཐུའི་ཐོ་ཡིག་ནང་མེདཔ་ལས་བརྟེན་ ཚོགས་རྒྱན་བཙུགས་མ་ཚུགསཔ་ལས་ བསམ་པ་མ་རྫོགས་པར་ཡོད་རུང་ ཚོགས་རྒྱན་བཙུགས་མི་མང་ཤོས་ཅིག་ སེམས་དགའ་སྟེ་ཡོདཔ་ཨིན་པས།
རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་མི་ བསྟན་པ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་ར་འབད་རུང་ བཙག་འཐུ་འགྲུབ་ནི་གི་ རེ་ཆེ་བསྐྱེད་སྡོད་མི་དེ་ཡང་ ཁོ་གིས་ ལྷུན་རྩེ་རྫོང་ཁག་ནང་ཕྱག་ཞུ་ཡོདཔ་ལས་ མི་སེར་ཚུ་གིས་ ཁོ་གི་གནས་སྟངས་དང་ ལྕོགས་གྲུབ་ཤེས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ད་ལས་ཕར་ མི་སེར་ཚུ་གི་ རེ་འདོད་འགྲུབ་ནིའི་དོན་ལུ་ ཁོ་གིས་ དད་དམ་ལྷད་མེད་ཀྱི་སྒོ་ལས་ ཕྱག་ཕྱིད་གང་དྲག་ཞུ་ནི་ཨིན་ཟེར་ སླབ་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment