གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་རྒྱན་བཙུགས་མིའི་ ངོས་འཛིན་འདྲ་པར་༣༥ བརླག་སྟོར་ཤོར་མི་ཚུ་ ལོག་ཐོབ་ཡོདཔ།

༢༦/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་མ་འཐབ་པའི་ ཉིནམ་༡ གི་ཧེ་མར་ སྤྱི་ཟླ་༤ པའི་ཚེས་༢༢ ཀྱི་ཕྱི་རུ་ བརླག་སྟོར་ཤོར་མི་ ཚོགས་རྒྱན་བཙུགས་མིའི་ ངོས་འཛིན་འདྲ་པར་༣༥ པོ་དེ་ སྤྱི་ཚེས་༢༤ གི་ དྲོ་པའི་ཆུ་ཚོད་༡༠.༣༠ ལུ་ཐོབ་སྟེ་ ཇོ་བདག་ཚུ་ལུ་སྤྲོད་ནུག།


དེ་ཡང་ ཚོགས་རྒྱན་བཙུགས་མི་༣༥ གི་ ངོས་འཛིན་འདྲ་པར་ཚུ་ མི་ངོ་སོ་སོ་ལུ་ རྩིས་སྤྲོད་མ་འབད་བར་ བྱང་སྟོར་ཤོར་བའི་སྐོར་ལས་ སྙན་ཞུ་ཐོབ་མི་དང་འཁྲིལ་ མོང་སྒར་རྫོང་ཁག་ལས་ བཙག་འཐུ་འགོ་དཔོན་ཅིག་ ཞིབ་དཔྱད་རྐྱབ་པར་ ན་རང་རྒེད་འོག་ མཁའ་ཀློང་གཡུས་ཚན་ནང་ སོང་པའི་ཤུལ་ལུ་ གྲོང་གཡུས་མི་སེར་ཅིག་གི་ ཁྱིམ་ནང་ལས་ཐོབ་སྟེ་ ཇོ་བདག་ཚུ་ལུ་ སྤྲོད་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ བཙག་འཐུ་འགོ་དཔོན་དང་ རྒེད་འོག་གི་ བདག་སྐྱོང་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབདཝ་ད་ དོགས་པ་ཅན་གྱི་ གྲོང་མི་ཅིག་གི་ ཁྱིམ་ནང་ལས་ ཚོགས་རྒྱན་བཙུགས་མིའི་ ངོས་འཛིན་འདྲ་པར་ཆ་མཉམ་ར་ ལོག་ཐོབ་ནུག་ཟེར་ཨིན་པས།
ངོས་འཛིན་འདྲ་པར་ཚུ་ སྤྱི་ཟླ་༤ པའི་ཚེས་༢༢ ལུ་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ ན་རང་ལུ་ ཚོགས་རྒྱན་ས་ཁོངས་ནང་སོང་མི་ སྡེ་ཁྲིད་འགོ་དཔོན་གྱི་ལག་པར་ བསྐྱལ་བཏང་ཡོདཔ་ད་ སྡེ་ཁྲིད་འགོ་དཔོན་གྱིས་ མཁའ་ཀློང་གི་མི་སེར་༣༥ ལུ་ སྤྲོད་ནིའི་དོན་ལུ་ ན་རང་གི་རྒཔོ་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
རྒཔོ་གིས་ ཚོགས་པ་ལུ་ སྤྲོད་ཡོདཔ་ད་ ཚོགས་པ་གིས་ མཁའ་ཀློང་ལུ་འགྱོ་མི་ གྲོང་གསེབ་མི་སེར་ཅིག་གི་ལག་པར་ བསྐྱལ་ཡོདཔ་ཨིན་རུང་ ངོས་འཛིན་འདྲ་པར་ འབག་སོང་མིའི་ ཁྱིམ་ནང་ལས་ བྱང་སྟོར་ཤོར་ཡོདཔ་ད་ ཁོ་གིས་ དེ་ཚེ་ཕྱི་རུ་ ཁོ་གི་ཁྱིམ་ནང་འོང་མི་ ཁྱིམ་ཚང་ཅིག་གིས་ འབག་ཡོད་པའི་ དོགས་པ་ཆགས་ཡོདཔ་ཨིན་པས།
ཤུལ་ལས་ ཞིབ་དཔྱད་འབདཝ་ད་ དོགས་པ་ཅན་གྱིས་ སླབ་མིའི་ནང་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་ཚུ་ ཁོ་གི་ ཨ་ལུ་ཚུ་གིས་ ཁྱིམ་ཚང་གི་ ཁྱིམ་ནང་ལས་ འཐུ་འབག་འོང་ནུག་ཟེར་ཨིན་པས།
བཙག་འཐུ་འགོ་དཔོན་ སངས་རྒྱས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ངོས་འཛིན་འདྲ་པར་མེད་མི་༣༥ ལུ་ ཐིམ་ཕུའི་བཙག་འཐུ་ཡིག་ཚང་གི་ འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་བྱིན་ཡི་ཟེར་ཨིན་པས།
དེ་ལས་ ཚོགས་རྒྱན་ཉིན་མར་ དགྲ་མེད་རྩེ་རྒེད་འོག་ ཝའི་ཆུར་ལུ་ ཚོགས་རྒྱན་ས་ཁོངས་ནང་ དུམ་གྲ་ཅིག་ སྟབས་མ་བདེཝ་ཐོན་ཡོད་རུང་ དུས་ཡུན་ཆུ་ཚོད་༡ གི་ནང་འཁོད་ལུ་ བསལ་ཚུགས་མི་དེ་ཡང་ ཚོགས་རྒྱན་བཙུགས་མི་༡༥ དེ་ཅིག་གི་ བཙག་འཐུའི་ཐོ་ཡིག་ཚུ་ ཝའི་ཆུར་ལུ་ཡོད་རུང་ ངོས་འཛིན་འདྲ་པར་ནང་ ཚོགས་རྒྱན་ས་ཁོངས་དེ་ དགྲ་མེད་རྩེ་ འབྲིང་རིམ་སློབ་གྲྭ་བར་མའི་ནང་ གསལ་བཀོད་འབད་ཡོད་ནི་དེ་གིས་ མགུ་འཐོམ་བྱུང་བའི་ཤུལ་ལུ་ ཡིག་ཚང་གཙོ་ཁང་ལས་ གནང་བ་ཞུ་སྟེ་ ས་གོ་དེ་ནང་ར་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་བྱིན་ཡོད་པའི་གནས་ཚུལ།

མོང་སྒར་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment