གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ གྲུབ་འབྲས་ཅན།

༥/༤/༢༠༡༣   ༉ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ རྫོང་ཁག་༢༠ ལས་ འབྲུག་གི་སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཚུགས་མི་ལུ་ བཀྲིན་དགའ་ཚོར་དང་ངལ་རངས་ཡོད་ལུགས་ཀྱི་ གསལ་བཤད་འབད་ཡི།


ལྷན་ཚོགས་ཀྱིས་ གསར་སྟོན་འབད་མི་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་མི་འདེམས་ངོ་༦༧ ཡོད་མིའི་གྲས་ལས་ འདེམས་ངོ་༢༠ ག་ར་ ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་གྲུབ་ཚུགས་ཅི་ཟེར་ཨིན་པས།
ཁ་ཙ་དྲོ་པ་ བཙག་འཐུ་ལྷན་ཚོགས་ཀྱི་ ཞལ་འཛོམས་ཁང་ནང་སྦེ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ རྫོང་ཁག་༢༠ གི་ བཙག་འཐུའི་གྲུབ་འབྲས་གསལ་བསྒྲགས་ཚུ་ བརྡ་འཕྲིན་སྤེལཝ་དང་འབྲེལ་ འབྲུག་གི་སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ རང་སོའི་ངོ་ཚབ་ཀྱི་ བཙག་འཐུ་འབད་མི་ཚུ་ གསལ་བཤད་འབད་ཡི།
རྫོང་ཁག་༢༠ ནང་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་༣༧༩,༨༡༩ ཡོད་པའི་གྲས་ལས་༡༧༡,༤༥༥ གིས་ རང་སོའི་ ཚོགས་རྒྱན་བཙུགས་ཡོདཔ་ད་ དེ་ཡང་ མི་ངོ་༡༤༧,༥༧༧ གྱིས་ རྒྱལ་ཁབ་ཀྱི་ ཚོགས་རྒྱན་ས་ཁོངས་༨༥༠ ནང་ མི་ངོ་བོ་སྦེ་སོང་སྟེ་ ཚོགས་རྒྱན་བཙུགས་ཡོད་རུང་༢༣,༩༦༧ གྱིས་ འགྲེམ་ཐོག་རྒྱན་ཤོག་བཙུགས་ཡོདཔ་ད་ སྤྱིར་བཏང་ཚོགས་རྒྱན་བཙུགས་པར་འོང་མི་དེ་ བརྒྱ་ཆ་༤༥.༡༧ ཨིན་པས།
རྒྱལ་ཁབ་ནང་ ཐོ་བཀོད་གྲུབ་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༣༨༠,༠༩༩ ཡོད་པའི་ བརྡ་སྤེལ་འབད་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ སྤྱི་ལོ་༢༠༡༣ གྱི་བཙག་འཐུ་དོན་ལུ་ སྤྱི་ཟླ་༡ པའི་ཚེས་༡ ཚུན་ ཐོ་བཀོད་མཐའ་བཅད་གྲུབ་པའི་ ཚོགས་རྒྱན་བཙུགས་མི་༣༧༩,༨༡༩ ཐོན་པའི་གྲས་ལས་ ཕོ་སྐྱེས་༡༩༢,༧༩༩ དང་ ཨམ་སྲུ་༡༨༧,༠༢༠ འདུག་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ཡོངས་བསྡོམས་༣༨༠,༠༩༩ ཡོད་མི་ལས་ ངོ་མ་བཙག་འཐུའི་སྐབས་༣༧༩,༨༡༩ ལས་མེད་པའི་ཁྱད་པར་དེ་ བཙག་འཐུའི་ཐོ་ཡིག་ནང་ ཆོས་སྒོར་ཞུགས་མི་༢༨༠ དེ་ ཕྱིར་བསལ་བཏང་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ལྷན་ཚོགས་ལུ་ གཞལམ་སྒང་རྫོང་ཁག་ལས་ བཙག་འཐུའི་རྩོད་རྙོགས་ ཕུད་རྡོག་༡ མ་གཏོགས་ གཞན་རྫོང་ཁག་ལས་མེདཔ་ད་ རྩོད་རྙོགས་དེ་ཡང་ ལྷན་ཚོགས་ཀྱིས་ གནས་རིམ་ནང་ར་ བསལ་ཚུགས་ཅི་ཟེར་ཨིན་པས།
འགྲེམ་ཐོག་རྒྱན་ཤོག་གི་ཞུ་བ་ཕུལ་མི་༩,༡༧༤ ཆ་མེད་བཏང་རུང་ ཞུ་ཡིག་༥,༣༨༠ ཚུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་གི་ ཐོ་བཀོད་མ་འབད་མི་ཚུ་ཨིནམ་ད་ ཞུ་ཡིག་༣,༩༧༤ དེ་ ངེས་བདེན་གྱི་འཛིན་ཐོ་བྱུང་ཡོདཔ་ལས་ དེ་ཚུ་ཆ་མེད་བཏང་མི་དེ་ རྣམ་རྟོག་ལང་དགོཔ་མེད་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་པའི་ཉིན་མར་ ཚོགས་རྒྱན་ས་ཁོངས་ཚུ་དང་ གྲངས་རྩིས་ལྟེ་བ་ག་ཏེ་ལུ་ཡང་ བྱ་སྟབས་མ་བདེ་བའི་དཀའ་ངལ་སྦོམ་ག་ནི་ཡང་མ་བྱུང་པར་ འགོ་འདྲེན་འཐབ་ཚུགས་ཡོདཔ་ཨིན་པས།
དེ་སྦེ་ མཐར་འཁྱོལ་ཅན་བྱུང་མི་དེ་ གཙོ་བོ་ར་ བཙག་འཐུ་འགོ་འདྲེན་སྤྱི་ཁྱབ་༢༠ དང་ བཙག་འཐུ་འགོ་འདྲེན་སྤྱི་ཁྱབ་འོགམ་༣༩ ཞིབ་རོགས་བཙག་འཐུ་འགོ་འདྲེན་སྤྱི་ཁྱབ་༢༠༥ ངོས་ལེན་འགོ་དཔོན་༢༠ ཞིབ་རོགས་ངོས་ལེན་འགོ་དཔོན་༢༨ ཚོགས་རྒྱན་འགོ་དཔོན་༤༢༥༠ དེ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ བསྟན་སྲུང་དམག་སྡེ་གི་ བདེ་སྲུང་ལས་བྱེདཔ་ཚུ་གིས་ འཚེར་སྣང་མེད་པར་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཡོངས་ལྟ་རྟོག་པ་༢༠ ཕྲ་དོན་ལྟ་རྟོག་པ་༢༧ རྒྱ་གར་ལས་མི་ངོ་༤ ཕ་རཱནསི་ལས་༡ རྒྱལ་སྤྱི་བརྡ་བརྒྱུདཔ་བསྡོམས་མི་༥ ཡོདཔ་བཞིན་དུ་ བརྡ་བརྒྱུད་སྡེ་ཚན་ཅིག་གིས་ ངོས་འཛིན་གྲུབ་པའི་བརྡ་བརྒྱུད་ལས་སྡེ་ཁག་༡༡ དང་ བརྡ་བརྒྱུད་ལས་བྱེདཔ་༡༨༨ ཀྱིས་ བཙག་འཐུའི་གནས་ཚུལ་ཚུ་ ཚུལ་མཐུན་གྱི་དགོས་མཁོ་དང་བསྟུན་ཏེ་ ཁྱབ་སྤེལ་འབད་ནི་ལུ་ བརྟག་ཞིབ་དང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
སྔོན་རྩིས་དངུལ་ཀྲམ་ས་ཡ་༥༠༠ བཏོན་མི་ལས་ དངུལ་ཀྲམ་ས་ཡ་༨.༧༡ མི་མང་བཙག་འཐུའི་བསྐུལ་བསྒྲགས་མ་དངུལ་སྦེ་ འདེམས་ངོ་ཚུ་ལུ་ བགོ་བཀྲམ་འབད་ཡོདཔ་ད་ དངུལ་ཀྲམ་ས་ཡ་༨.༥ མི་མང་རྩོད་འགྲན་དང་ བསྐུལ་བསྒྲགས་ཀྱི་ མཁོ་ཆས་ལས་དོན་ཚུ་གི་དོན་ལུ་ཨིན་པས།
དེ་ལས་ དངུལ་ཀྲམ་ས་ཡ་༥༠ རྫོང་ཁག་ཚུ་ནང་ ལས་སྣ་ཚུ་འགོ་འདྲེན་འཐབ་ནི་ལུ་ བགོ་བཀྲམ་འབད་ཡོདཔ་ད་ དངུལ་ཀྲམ་ས་ཡ་༡༡.༣ རྒྱལ་གཞུང་འབྲུག་གི་འགག་སྡེ་དང་ དངུལ་ཀྲམ་ས་ཡ་༡༤.༤ དྲག་པོའི་བསྟན་སྲུང་དམག་སྡེ་ལུ་ བགོ་བཀྲམ་འབད་ཡོདཔ་ལས་ ཟད་རྩིས་ཁ་གསལ་ཚུ་ ཟླཝ་༣ གྱི་རྒྱབ་ལས་ མི་མང་གིས་ ཤེས་ཚུགསཔ་བཟོ་ནི་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ བཙག་འཐུའི་ལག་ཁྱེར་དེ་ ཉིན་གྲངས་༢ ཀྱི་ནང་འཁོད་ལུ་ བཙག་འཐུ་གྲུབ་མི་འདེམས་ངོ་ཚུ་ལུ་ བྱིན་ནི་ཨིན་པས།
མི་མང་ཡོངས་ལུ་ བཤེར་ཡིག་ཕུལ་ནི་གི་ དུས་ཡུན་དེ་ སྤྱི་ཟླ་༤ པའི་ཚེས་༢༦ ལས་ སྤྱི་ཟླ་༥ པའི་ཚེས་༨ ཚུན་ མཇུག་བསྡུ་དགོ་པའི་དྲན་སོ་འབད་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་དང་ འདེམས་ངོ་དེ་གིས་ ཁྲིམས་ལས་འགལ་བ་དང་ བཙག་འཐུ་ལས་བཏོན་པའི་གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་ ཚོགས་རྒྱན་ཉིནམ་གི་བྱ་རིམ་ དེ་ལས་ ཚོགས་རྒྱན་འཕྲུལ་ཆས་ལུ་ དཀའ་ངལ་ཡོད་པ་ཅིན་ བཙུགས་ཆོག་པའི་གནང་བ་ སྤྲོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment