གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་མགྲིན་དབང་ཆེན་གྱིས་ གཟུགས་སྟོབས་འགྲན་བསྡུར་ནང་ལས་ ཨང་དང་པ་ཐོན་ཡོདཔ།

༢༢/༤/༢༠༡༣   ༉ སྤྱི་ལོ་༢༠༡༣ གྱི་ གཟུགས་སྟོབས་འགྲན་བསྡུར་ཐེངས་༦ པ་འགོ་འདྲེན་འཐབ་པའི་སྐབས་སུ་ ད་རུང་ རྟ་མགྲིན་དབང་ཆེན་གྱིས་ ཨང་དང་པ་ ཐོན་ཡོདཔ་ལས་ དངུལ་རྐྱང་གི་གསོལ་རས་དང་ སིངྒ་པོར་ལུ་ འགྱོ་ནིའི་དོན་ལས་ གནམ་གྲུའི་ཤོག་འཛིན་ དེ་ལས་ ལོ་གཅིག་གི་རིང་ འཐུས་མ་ཕོགཔ་སྦེ་ ལུས་སྦྱོང་འབད་ནིའི་ ཤོག་འཛིན་ཀུ་པཱན་ བྱིན་ཡོདཔ་ཨིན།


སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཐིམ་ཕུ་ན་གཞོན་དཔལ་རིའི་ རྩེད་སྟོན་ཁང་ནང་སྦེ་ གཟུགས་སྟོབས་འགྲན་བསྡུར་འགོ་འདྲེན་འཐབ་མིའི་ནང་ མི་གྲངས་༡༤ གིས་ གྲལ་གཏོགས་འབད་ཡོདཔ་ཨིན།
གཟུགས་སྟོབས་ནང་ལས་ ཨང་དང་པ་ཐོན་མི་ རྟ་མགྲིན་དབང་ཆེན་ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༡༣༠,༠༠༠ དང་ གནམ་གྲུའི་ཤོག་འཛིན་ གསེར་གྱི་རྟགས་མ་ དེ་ལས་ ལག་ཁྱེར་ཚུ་ བྱིན་ཡོད་པའི་ཁར་ ཨང་༢ པ་ཐོན་མི་ བློ་བཟང་ཚེ་རིང་ལུ་ གསོལ་རས་དངུལ་ཀྲམ་༩༠,༠༠༠ དང་ བེང་ཀོག་ལུ་ འགྲུལ་བསྐྱོད་ཀྱི་ ཤོག་འཛིན་ ལག་ཁྱེར་ དེ་ལས་ དངུལ་གྱི་རྟགས་མ་ཚུ་བྱིན་ཡི།
ཨང་༣ པ་ཐོན་མི་ སྤྱི་དཔོན་སངས་རྒྱས་ཚུལ་ཁྲིམས་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༦༠,༠༠༠ དང་ ཟངས་ཀྱི་རྟགས་མ་ ལག་ཁྱེར་ དེ་ལས་ རྒྱ་གར་ལུ་འཕུར་འགྲུལ་འབད་ནི་གི་གནམ་གྲུའི་ཤོག་འཛིན་ཚུ་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་བྱིན་ཡི།
དེ་མ་ཚད་ རྣམ་རྒྱལ་ཧི་རི་ཊེཇི་བཟའ་ཁང་གིས་ ཨང་༡ པ་༢ པ་ ཨང་༣ པ་ ཐོན་མི་༣ ལུ་ བཀྲིན་དགའ་ཚོར་གྱི་ཐོག་ལས་ ལོ་གཅིག་གི་རིང་ ལུས་སྦྱོང་འབད་ནིའི་དོན་ལུ་ འཐུས་སྤྲོད་མ་དགོ་པའི་ ཀུ་པཱན་ཚུ་བྱིན་ནི་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
ཨང་༤ པ་ཐོན་མི་ པདྨ་ལས་འཕྲོ་ལུ་ གསོལ་རས་ དངུལ་ཀྲམ་༤༠,༠༠༠ དང་ ཨང་༥ པ་ཐོན་མི་ རིན་ཆེན་བཀྲིས་ལུ་ གསོལ་རས་དངུལ་ཀྲམ་༢༠,༠༠༠ བྱིན་ཡོད་རུང་ ཨང་༦ པ་ལས་༡༠ པ་ཚུན་ལུ་ གསོལ་རས་དངུལ་ཀྲམ་༡༠,༠༠༠ རེ་བྱིན་ཡི།
གཟུགས་སྟོབས་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ བཀྲིས་ལྷུན་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ ལོ་བསྟར་བཞིན་དུ་ གཟུགས་སྟོབས་ཚོགས་པ་གིས་ ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ ད་རེས་ཀྱི་ འགྲན་བསྡུར་ནང་ དོ་འགྲན་འབད་མི་ ཀེ་ཇི་༥༠ ལས་༩༠ གོ་གྲངས་ཀྱི་བར་ན་འབད་མི་༡༤ གིས་ བཅའ་མར་གཏོགས་མི་དེ་ ལེགས་ཤོམ་ཨིན་མས་ཟེར་ ཨིན་པས།
འདི་བཟུམ་གྱི་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ འབྲུག་མི་ན་གཞོན་ཚུ་ གཟུགས་སྟོབས་སྒྲིང་སྒྲིང་བཞག་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ གཞུང་དང་ ལས་འཛིན་ སྒེར་སྡེ་ཚུ་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment