གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤིང་ཕོར་དང་ ཟླ་པ་ལག་ལེན་འཐབ་ནི་དེ་ དཔའ་ཉམས་ཅན་ཅིག་ཨིནམ།

༢༧/༤/༢༠༡༣   ༉ དབང་འདུས་ཕོ་བྲང་ དྭངས་ཆུ་རྒེད་འོག་ རྟ་ས་གཡུས་ཚན་གྱི་མི་ཚུ་གིས་ བཞེས་སྒོ་ཚུ་ ཤིང་གི་ཕོརཔ་དང་ ཟླ་པ་ནང་ བཟའ་སྲོལ་ཡོད་མི་དེ་ཡང་ སྔར་སྲོལ་ལམ་ལུགས་ཚུ་ བདག་འཛིན་འཐབ་པའི་ བརྡ་མཚོན་ཅིག་ཨིནམ་ད་ ཤིང་གི་ཕོརཔ་དང་ ཟླ་པ་ཚུ་མང་ཤོས་ར་ ལོ་བསྟར་གྱི་ཚེས་བཅུ་དང་ དགའ་སྟོན་ དེ་ལས་ ལྷ་གསོལ་ཀླུ་གསོལ་གྱི་སྐབས་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྟ་ས་གཡུས་ཚན་གྱི་ མི་ཚུ་གིས་ དུས་སྟོན་ཚུ་གི་སྐབས་ལུ་ ཤིང་ཕོར་དང་ཟླ་པ་ཚུ་ ལག་ལེན་འཐབ་ནི་དེ་
དཔའ་ཉམས་ཅན་ཅིག་ཨིན་མས།


མ་གཞི་ ད་རེས་ནངས་པ་ རྒྱལ་ཁབ་ཡར་རྒྱས་འགྱོ་ནི་དེ་གིས་ མི་མང་ཤོས་ཅིག་གིས་ ཕྱིའི་རྒྱལ་ཁབ་ལས་ཐོན་མི་ བཟའ་འཐུང་གི་ ཅ་ཆས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ རྟ་སའི་གཡུས་ཚན་ནང་འབད་བ་ཅིན་ རང་ལུགས་ཀྱི་ཅ་ཆས་ཚུ་ལུ་ ཡིད་ཆས་ཡོད་པའི་བརྡ་མཚོན་ཨིན་ཟེར་ རྒེད་འོག་ཚོགས་པ་ རྣམ་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་མི་ཚུ་གིས་ ཤིང་གི་ཕོརཔ་དང་ ཟླ་པ་ལུ་སྤྲོ་བ་ཡོད་ནི་དེ་གིས་ ཏི་རུ་མེད་རུང་ ཕར་ཚུར་ལས་འཚོལ་ཏེ་ རྫ་དང་ཤིང་གི་ཕོརཔ་དང་ཟླ་པ་ཚུ་ མཁོ་སྒྲུབ་འབད་ནི་ཡོད་ཟེར་ཨིནམ་ད་ དེ་ཡང་ མི་འཛོམས་ས་ལུ་ བཞེས་སྒོ་ཚུ་ རྫ་གི་ཕོརཔ་དང་ ཟླ་པའི་ནང་བཟའ་བ་ཅིན་ དཔའ་ཉམས་སྦོམ་ཡོད་ནི་དེ་གིས་ ཨིན་མས་ཟེར་བཤད་ཅི།
འཕྲལ་ཁམས་ཅིག་ཁར་ གཡུས་ཚན་དེ་ནང་ ལོ་བསྟར་གྱི་ ལྷ་གསོལ་འབད་བའི་དུས་སྟོན་གྱི་སྐབས་ལུ་ གཡུས་མི་བརྒྱ་ལས་བཅད་དེ་ འཛོམས་མི་ལས་མང་ཤོས་ཅིག་གིས་ རྫ་ཕོར་དང་ ཟླ་པ་འབག་མི་ཚུ་ ཉིན་མའི་ལྟོ་གི་སྐབས་ལུ་ མཐོང་ཡོདཔ་ཨིན།
གཡུས་སྒོའི་ཚོགས་པ་ རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ མི་འཛོམས་སར་ རྫ་ཕོར་དང་ ཟླ་པ་མེད་པ་ཅིན་ དབང་མེདཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིནམ་ད་ ཁོ་ལུ་ རྫ་ཕོར་ཆ་༣ དེ་ཅིག་དང་ ཟླ་པ་ཆ་༢ དེ་ཅིག་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ ཕྱིའི་མགྱོནམ་ཚུ་ལུ་ཡང་ བཞེས་སྒོ་ཚུ་ རྫ་ཕོརཔ་དང་ཟླ་པའི་ནང་ དྲང་དོ་ཡོདཔ་ད་ དེ་ཡང་ མགྱོནམ་སྦོམ་ཨིན་པ་ཅིན་ དངུལ་གྱི་གཤན་རྐྱབ་མི་ རྫའི་ཕོརཔ་ནང་ དྲང་མི་དེ་ མགྱོནམ་ལུ་གུས་ཞབས་སྦོམ་ཡོད་པའི་ རྟགས་ཨིན་ཟེར་ཨིན་པས།
ཁོང་གིས་ རྫ་ཕོར་དང་ཟླ་པ་དེ་ བཀྲིས་གཡང་རྩེ་ལས་ ཉོ་དོ་ཡོདཔ་ད་ དེ་ཡང་ རྟ་ས་གཡུས་ཚན་གྱི་ མི་ཚུ་གིས་ དེ་བཟུམ་གྱི་ ཕོརཔ་དང་ཟླ་པ་ལུ་ སྤྲོ་བ་སྦོམ་བསྐྱེད་རུང་ གཡུས་ཚན་དེ་ནང་ བཟོ་ཤེས་མི་ཅིག་ཡང་ མེདཔ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ཅ་ཆས་ཚུ་མང་ཤོས་ར་ མཁོ་མངགས་འབད་དེ་ ཉོ་དོ་ཟེར་ཨིན་རུང་ ལ་ལུ་ཅིག་གིས་ གཡུས་ཚན་ནང་ བཙོང་པར་འོང་ནི་འདུག་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ རྫ་ཤིང་ཚུ་ ཁོང་གི་གཡུས་ཁ་ལས་ཐོན་རུང་ མི་ཚུ་གིས་ ཅ་ཆས་བཟོ་མ་ཤེསཔ་ལས་ གཞན་ཁ་ལས་ ཉོ་དགོཔ་འཐོནམ་མས་ཟེར་ཨིནམ་ད་ བཀྲིས་གཡང་རྩེའི་མི་ཚུ་གིས་ རྫ་ཤིང་ཚུ་ དྭངས་ཆུ་རྒེད་འོག་ནང་ལས་ བཏོགས་འབག་སྟེ་ ཕོརཔ་དང་ ཟླ་པ་བཟོ་སྟེ་ ལོག་གཡུས་ཚན་ནང་ ལྷོད་མི་དེ་ ཧ་ལས་པའི་ ལཱ་ཅིག་ཨིན་མས་ཟེར་ སྐྱེས་ལོ་༧༠ ལང་མི་ ཨ་རྒས་མགོནམ་དོན་གྲུབ་ཀྱིས་ སླབ་ཨིན་པས།
ཚོགས་པ་ རྣམ་རྒྱལ་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ནངས་པ་ རྫ་ཕོར་གི་གོང་ཚད་ ཡར་སེང་སོང་ནི་དེ་གིས་ རྫ་ཕོར་ཆུང་ཀུ་ཅིག་ལུ་ར་ གོང་ཚད་ཉུང་ཤོས་ དངུལ་ཀྲམ་༡༠,༠༠༠ ལྷགཔ་ཅིག་ གནསཔ་མས་ཟེར་ཨིནམ་ད་ ཁོ་གིས་ ཕོརཔ་ལ་ལུ་ཅིག་ལུ་ དངུལ་ཀྲམ་འབུམ་༡ དེ་ཅིག་ སྤྲོད་ཡི་ཟེར་ཨིན་པས།
དྭངས་ཆུ་རྒཔོ་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ ཤིང་ཕོར་དང་ ཟླ་པ་ཚུ་ ལག་ལེན་འཐབ་མི་དེ་ རང་ལུགས་ཀྱི་ཁྱད་ཆོས་བཟང་པོ་ཚུ་ལུ་ ཡིད་ཆེས་དང་ སྤྲོ་བ་ཡོད་པའི་བརྡ་མཚོན་ཅིག་ཨིནམ་ལས་ གཞན་ཁར་ དཔེ་བཏོན་བཏུབ་པའི་ སྲོལ་ཅིག་ཨིན་ཟེར་བའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment