གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་རྫོང་ཁག་གི་ ཚོགས་སྡེའི་འདེམས་ངོ་ རང་འཇགས་བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣   ༉ མགར་ས་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་དེ་ ཚོགས་སྡེའི་འཐུས་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་ བཙག་འཐུ་ གྲུབ་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་ ཡོངས་བསྡོམས་༡,༨༤༠ བཙུགས་མི་ལས་ ཚོགས་རྒྱན་༦༠༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ཁོ་ལུ་ དོ་འགྲན་འབད་མི་ ལ་ཡ་རྒེད་འོག་ལས་ བསྟན་འཛིན་གྱིས་ ཚོགས་རྒྱན་༤༠༧ དང་ ཁ་སྨད་རྒེད་འོག་ལས་ ཡེ་ཤེས་རྡོ་རྗེ་གིས་ ཚོགས་རྒྱན་༣༤༢ ལས་བརྒལ་ ཐོབ་མ་ཚུགས་པས།
བཙག་འཐུ་འགོ་དཔོན་ཚུ་གིས་ རྒྱལ་ཁ་ཐོབ་མི་སངས་རྒྱས་མཁའ་འགྲོ་ལུ་ ལེགས་སོ་སླབ་པའི་བསྒང་།


མ་གཞི་ སངས་རྒྱས་མཁའ་འགྲོ་དེ་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་ ཉུང་སུ་ཅིག་ཨིན་མི་ ཁ་སྟོད་རྒེད་འོག་ལས་ཨིན་རུང་ ཁོ་གིས་ རྒྱལ་ཁ་ཐོབ་མི་དེ་ རྒེད་འོག་༤ པོ་ཆ་ར་ལས་ ཚོགས་རྒྱན་འདྲན་འདྲ་སྦེ་ ཐོབ་མི་ལུ་བརྟེན་ཨིན་ཟེར་ སངས་རྒྱས་མཁའ་འགྲོ་གིས་ སླབ་ཡོདཔ་ད་ ཁོ་གིས་ ལན་ཐེངས་༢ བཙག་འཐུ་གྲུབ་མི་དེ་ རྫོང་ཁག་གི་མི་ཚུ་གིས་ ཁོ་ལུ་ཡིད་ཆེས་ཡོད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
འགྲེམ་ཐོག་གི་ཚོགས་རྒྱན་ལས་འབད་བ་ཅིན་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་༣༨ ཐོབ་ཡོདཔ་ད་ བསྟན་འཛིན་གྱིས་༡༦ དང་ ཡེ་ཤེས་རྡོ་རྗེ་གིས་༡༥ ལས་བརྒལ་ཐོབ་མ་ཚུགས་པས།
མ་གཞི་ འདས་པའི་བདུན་ཕྲག་༡ དེ་ཅིག་གི་རིང་ རྫོང་ཁག་དེ་ནང་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེདཔ་ལས་ གནམ་གྲུ་འཕུར་འགྲུལ་འབད་མ་ཚུགསཔ་ཨིན་རུང་ ཁ་ཙ་ དྲོ་པ་རྐྱངམ་གཅིག་ལུ་ འཕུར་འགྲུལ་འབད་བའི་ཤུལ་ལུ་ ལུ་ནག་ནང་རྒེད་འོག་གི་ ཐང་བཟའ་ནང་ལྷོད་དེ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢ ནང་གི་ བཙག་འཐུའི་དུས་ཚོད་དེ་ ཕྱི་རུའི་ཆུ་ཚོད་༦ ཚུན་ ཕར་འགྱངས་འབད་དགོཔ་བྱུང་མི་དེ་ ས་ཁོངས་༢ ནང་ གསང་བའི་ཚོགས་རྒྱན་དེ་ ཆུ་ཚོད་༡༡ དང་སྐར་མ་༣༥ དེ་ཅིག་ལས་བརྒལ་ འགོ་བཙུགས་མ་ཚུགས་པས།
དྲོ་པ་གནམ་གཤིས་ལེགས་ཤོམ་མེད་མི་ལུ་བརྟེན་ ལུང་ནག་ནང་གི་ རྒེད་འོག་༤ ནང་ ཚོགས་རྒྱན་གྱི་འཕྲུལ་ཆས་༣ དང་ བཙག་འཐུའི་འགོ་དཔོན་༣ དྲོ་པའི་ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ལས་བརྒལ་ འཕུར་འགྲུལ་འབད་མ་ཚུགས་མི་ལུ་བརྟེན་ སྡེ་ཚན་སྐྱེལ་འདྲེན་འབད་ནི་དེ་ ཕྱིས་སོ་ནུག།
རྒེད་འོག་དེ་ནང་ གནམ་གྲུ་འཕུར་འགྲུལ་འབད་ནི་དེ་ སྤྱི་ཟླ་༤ པའི་ཚེས་༡༨ ལས་འགོ་བཙུགས་ཡོདཔ་ཨིན་རུང་ གནམ་གཤིས་ལེགས་ཤོམ་མེད་ནི་དེ་གིས་ ཁ་ཙ་ དྲོ་པ་ལས་བརྒལ་ ལྷོད་མ་ཚུགསཔ་ཨིན་པས།
མགར་ས་ སློབ་གྲྭ་ཆུང་བའི་ཚོགས་རྒྱན་ས་ཁོངས་ནང་ གསང་བའི་ཚོགས་རྒྱན་བཙུགས་མི་༡༠༠ དེ་ཅིག་ ལྷོད་མིའི་གྲས་ལས་ སྐྱེལ་ལོ་༨༢ ལང་མི་ དཔལ་འབྱོར་དེ་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ དམངས་གཙོའི་རིང་ལུགས་ནང་ གསང་བའི་ཚོགས་རྒྱན་དེ་ ཁག་ཆེཝ་ལས་ ལོ་ན་རྒས་རུང་ ཚོགས་རྒྱན་ནང་བཅའ་མར་གཏོགས་ཅི་ཟེར་ཨིནམ་ད་ ཁོ་དང་གཅིག་ཁར་ གནས་ཚང་སྐྱེས་ལོ་༧༧ འབད་མི་གིས་ཡང་ འོང་ཡོདཔ་ཨིན་པས།
ཁ་སྟོད་རྒེད་འོག་ལས་ སྐྱེས་ལོ་༢༣ ལང་མི་ དམ་ཆོས་འཕྲིས་དེ་ ཚོགས་རྒྱན་ནང་བཅའ་མར་གཏོགས་ནིའི་དོན་ལུ་ ཐིམ་ཕུ་ལས་འོང་ཡོདཔ་ད་ ཁོ་གིས་སླབ་མིའི་ནང་ འཐུས་མི་ར་ལེགས་ཤོམ་ཅིག་ཐོབ་ཚུགས་པ་ཅིན་ དཀའཝ་སྤྱད་དེ་འོང་མི་ལུ་ སེམས་ཕམ་དགོཔ་མེད་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ འཐུས་མི་དེ་ ཉམས་མྱོང་ཡོད་མི་དང་ སྐད་གྲགས་ཅན་ཅིག་ཡོད་པ་ཅིན་ གཡུས་སྒོ་དང་ རྫོང་ཁག་གི་མིང་གཏམ་ ཡར་དྲག་བཏངམ་མ་ཚད་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ཡང་ ཁྱད་པར་སྦོམ་ བཟོ་ཚུགས་པས་ཟེར་ཨིན་པས།
སྐྱེས་ལོ་༣༠ ལང་མི་ ཨམ་སྲུ་ཅིག་གིས་འབད་རུང་ ཚོགས་སྡེའི་འཐུས་མི་དེ་ ཁྲིམས་བཟོ་དང་ བཅའ་ཁྲིམས་བསྐྱར་ཞིབ་འབད་མི་ཨིནམ་ལས་ ལྕོགས་གྲུབ་ཅན་ཅིག་ བཙག་འཐུ་འབད་ནི་སྦེ་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཅི་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་སའི་ས་ཁོངས་ ཐག་རིང་ཤོས་ཅིག་ཨིན་མི་ ར་མེད་ནང་ སྤྱི་འོག་ལུ་འབད་བ་ཅིན་ ཁྱད་ཚད་ལྡན་པའི་གསང་བའི་ཚོགས་རྒྱན་༣༡ ཡོད་ས་ལས་ ཕོ་སྐྱེས་༡༣ དང་ ཨམ་སྲུ་༡༣ གྱིས་ཚོགས་རྒྱན་བཙུགས་མི་ལས་ ཡོངས་བསྡོམས་ཚོགས་རྒྱན་༢༦ བཙུགས་ཡོདཔ་ཨིན་པས།
མགར་ས་རྫོང་ཁག་ལུ་ ཁྱད་ལྡན་གྱི་ཚོགས་རྒྱན་བཙུགས་མི་༡,༨༤༠ ཡོད་མི་ལས་ མི་གྲངས་༡,༣༥༢ ཀྱིས་ ཚོགས་རྒྱན་བཙུགས་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་༧༣ དེ་ཅིག་ ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment