གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླང་ཐལ་རྒེད་འོག་གི་ འདེམས་ངོ་མཐར་ཕྱིན་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་གྲུབ་ཡོདཔ།

༢༤/༤/༢༠༡༣   ༉ གླང་ཐལ་རྒེད་འོག་གི་འདེམས་ངོ་ མཐར་ཕྱིན་གྱིས་ འགྲེམ་ཐོག་ཚོགས་རྒྱན་༢༢༡ དང་ འཕྲུལ་ཆས་ཚོགས་རྒྱན་༡,༨༦༢ འབདཝ་ད་ ཚོགས་རྒྱན་བསྡོམས་༢,༠༨༣ ཐོབ་ཡོདཔ་ལས་ ཀྲོང་གསར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་གྲུབ་ཅི།
ཀྲོང་གསར་ རྣམ་རྒྱལ་ཆོས་གླིང་མི་སྡེ་སློབ་གྲྭ་ཆུང་བའི་ནང་ ཚོགས་རྒྱན་བཙུགས་པའི་བསྒང་།


མཐར་ཕྱིན་གྱིས་ ཁོ་རའི་ གྲུབ་འབྲས་ལུ་ལྟ་སྟེ་ སེམས་དགའ་ཡི་ཟེར་ སླབ་མ་ཚད་ བཙག་འཐུ་ནང་ལས་ རྒྱལ་ཁ་ཐོབ་མི་དེ་ ངོ་མ་ར་ ཁོ་གིས་ འདས་པའི་ལོ་ངོ་༨ ཀྱི་རིང་ བསམ་ཆོས་གླིང་དང་ བྲག་སྟེང་རྒེད་འོག་གཉིས་ཀྱི་ སློབ་གྲྭ་ནང་ དབུ་འཛིན་སྦེ་ ཕྱག་ཞུ་མིའི་འབྲས་བུ་ཨིན་ཟེར་ ཁ་ཙ་ གླང་ཐལ་ལུ་ཡོད་མི་ ཁོ་རའི་ ཨ་ཞང་གི་ཁྱིམ་ནང་ལས་ བརྒྱུད་འཕྲིན་ཐོག་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དབུ་འཛིན་སྦེ་སྡོད་པའི་སྐབས་ སློབ་གྲྭ་གོང་འཕེལ་གཏང་ནིའི་དོན་ལུ་ ལཱ་རྩ་འགེངས་ཏེ་འབད་བའི་ཁར་ སློབ་གྲྭ་དང་ མི་སྡེའི་བར་ན་ མཐུན་ལམ་བཟོ་སྟེ་ འབྲེལ་བ་འཐབ་བཅུག་མི་ལུ་བརྟེན་ མི་སྡེ་གིས་ ཁོ་ལུ་ རྒྱབ་སྐྱོར་འབད་དེ་ ཚོགས་རྒྱན་བཙུགས་ནུག་ཟེར་ སླབ་ཨིན་པས།
མཐར་ཕྱིན་གྱི་བྱང་ཕྱད་ ནུབ་སྦིས་རྒེད་འོག་གི་འདེམས་ངོ་ བཀྲ་ཤིས་བསམ་གྲུབ་ཀྱིས་ ཚོགས་རྒྱན་བསྡོམས་༡,༤༠༥ དང་ འགྲེམ་ཐོག་ཚོགས་རྒྱན་༢༢༤ ཐོབ་ཡོད་མི་དེ་ ཨང་གཉིས་པ་ཨིན་རུང་ འཐུས་མི་བགྲེསཔ་ སྟང་སི་སྦྱིས་ཀྱི་འདེམས་ངོ་ ཌོག་ཊར་ རྒྱ་གར་རྡོ་རྗེ་གིས་ འགྲེམ་ཐོག་དང་ ཚོགས་རྒྱན་གཉིས་ཆ་ར་ ཉུང་ཤོས་ཐོབ་ཡོདཔ་ཨིན་པས།
ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༧༤ དང་ འཕྲུལ་ཆས་ཚོགས་རྒྱན་༥༣༢ ཐོབ་མི་བསྡོམས་པའི་སྐབས་ ཚོགས་རྒྱན་བསྡོམས་༧༠༦ ཐོབ་ཡོདཔ་ད་ ཁོ་གིས་ གྲུབ་འབྲས་དེ་ མི་སེར་གྱི་གདམ་ཁ་ཨིནམ་ལས་ གུས་ཞབས་ཡོད་ཟེར་ཨིནམ་ད་ དེ་ཡང་ དམངས་གཙོའི་རིང་ལུགས་ནང་ མི་སེར་ལུ་ དབང་ཚད་ཡོད་ནི་དེ་གིས་ཨིནམ་སྦེ་ བཤད་ཅི།
རྒྱ་གར་རྡོ་རྗེ་གིས་ ཁོ་རའི་གཡུས་ཁ་ལས་ ཚོགས་རྒྱན་བཙུགས་མི་༢༥༨ འོང་ས་ལས་༢༡༢ ཐོབ་མི་དེ་ མཐོ་ཤོས་ཨིན་རུང་ ཁོ་གིས་ ནུབ་སྦིས་རྒེད་འོག་གི་ དཀར་གཞོང་ཚོགས་རྒྱན་བཙུགས་སའི་ ས་ཁོངས་ནང་ལས་ ཚོགས་རྒྱན་ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགསཔ་ཨིན་རུང་ བཀྲ་ཤིས་བསམ་གྲུབ་ཀྱིས་ མཐོ་ཤོས་ཐོབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱལ་ཁ་ཐོབ་མི་ མཐར་ཕྱིན་གྱིས་ དབུ་འཛིན་འབད་མི་ བསམ་ཆོས་གླིང་འབྲིང་རིམ་བར་མའི་ནང་ ཚོགས་རྒྱན་བཙུགས་མི་༣༧༩ ལས་ ཁོ་གིས་༣༤༤ ཐོབ་ཡོདཔ་ཨིན།
རྫོང་ཁག་གི་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༢༡ ཡོད་མི་ཚུ་ནང་ ཚོགས་རྒྱན་བཙུགས་མི་༣,༨༠༣ ཐོན་ཡོད་མི་དེ་ རྫོང་ཁག་ནང་ཁྱད་ཚད་ལྡན་མི་༨,༧༣༦ ཡོད་མི་ལས་ བརྒྱ་ཆ་༥༠ ལྷགཔ་ཅིག་ འོང་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་༩༨༢ གི་ ཞུ་ཡིག་ཐོབ་ཡོད་ས་ལས་༧༩༨ ལུ་ འགྲེམ་ཐོག་ཞུ་ཡིག་བྱིན་ཡོདཔ་ད་ དེ་ནང་ལས་༧༣༨ རྐྱངམ་གཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་རུང་ སྤྱི་ཟླ་༤ པའི་ཚེས་༢༢ ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ལི་ཕ་ཀ་པ་ ཁ་ཕྱེ་བའི་སྐབས་ ཚོགས་རྒྱན་༡༠༨ ཆ་མེད་སོང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ ཚོགས་རྒྱན་གྱི་ཉིནམ་དང་འབྲེལ་ འགྲེམ་ཐོག་ཚོགས་རྒྱན་གྱི་ གྱངས་ཁ་རྐྱབ་པའི་སྐབས་ ད་རུང་ ཚོགས་རྒྱན་༡༡ ཆ་མེད་སོང་ཡོདཔ་ཨིན་པས།
ཁ་ཙ་ ཚོགས་རྒྱན་བཙུགས་མི་༣,༧༩༩ འོང་མིའི་གྲས་ལས་ཕོ་སྐྱེས་༡,༦༥༢ དང་ ཨམ་སྲུ་༢,༡༤༧ ཡོདཔ་ད་ ཀྲོང་གསར་རྫོང་ཁག་ནང་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་པའི་ མི་ངོམ་༨,༧༣༦ ཡོདཔ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment