གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་རྒྱ་བསྐྱེད་འབད་རུང་ ལ་བཤལ་གྱི་ ཕྱོགས་ལམ་མར་བབས།

༢༣/༤/༢༠༡༣   ༉ རྒྱལ་ཁབ་ཀྱི་ ལ་བཤལ་གྱི་ ས་ཁོངས་མང་ཤོས་ཅིག་ སོ་ནམ་ཞིང་ལམ་བཏོན་མི་ལུ་བརྟེན་ མེདཔ་བཏང་ཡོདཔ་ལས་ ལ་བཤལ་ལུ་འོང་མིའི་ ལྟ་བཤལཔ་ཚུ་མར་བབས་འགྱོ་དོ་ཡོདཔ་ཨིན་པས།
ལྟ་བཤལ་ལས་སྡེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཞིང་ལམ་ ཡར་སེང་འགྱོ་མི་གིས་ ལ་བཤལ་གྱི་ དུས་ཡུན་ཉུང་སུ་འགྱོཝ་མ་ཚད་ སོ་ནམ་ཞིང་ལམ་བདའ་སྟེ་ རྐང་སྟོང་སྦེ་འགྱོ་ནི་དེ་ ལྟ་བཤལཔ་ཚུ་ལུ་ སེམས་མ་དགའ་བའི་གཞི་གནས་ཅིག་ཨིན་པས།



ད་ལྟོ་ རྒྱལ་ཁབ་ནང་ སོ་ནམ་ཞིང་ལམ་༧༠༠ ཡོད་པའི་ཁར་ དེ་གིས་ ཁྱིམ་གུང་༤༤,༠༠༠ ལུ་ ཕན་ཐོགས་བྱུང་དོ་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ རྒེད་འོག་༢༠༥ ག་རའི་ནང་ སོ་ནམ་ཞིང་ལམ་ཚུ་ མཐུད་སྦྲེལ་འབད་ཡོདཔ་ཨིན་པས།
ལོ་ངོ་༢༠ དེ་ཅིག་གི་རིང་ ལྟ་བཤལ་ལམ་སྟོན་པ་སྦེ་ ལཱ་འབད་སྡོད་མི་ ཕུར་པ་རྡོ་རྗེ་གིས་ ཀུན་གསལ་ལུ་བཤད་མི་དང་འཁྲིལཝ་ད་ ལ་བཤལ་ལུ་འགྱོ་སའི་ ས་ཁོངས་མང་ཤོས་ཅིག་ནང་ སོ་ནམ་ཞིང་ལམ་མཐུད་སྦྲེལ་འབད་ཚར་མི་ལུ་བརྟེན་ ལ་བཤལ་གྱི་སྤྲོ་སྣང་མར་བབས་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྟ་བཤལཔ་ཚུ་གིས་ ཏི་རུ་ཐེབས་སྤྲོད་ཐོག་ལས་ ལ་བཤལ་ལུ་འོང་དགོ་མིའི་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ཀྱི་ མཛེས་རྣམ་ཚུ་ བལྟ་བར་ཨིན་ཟེར་ ལྟ་བཤལ་ལམ་སྟོན་པ་ཚུ་ལུ་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ སྒང་སྟོད་དགོན་པ་ལུ་ལྷོད་ནིའི་དོན་ལུ་ ཉིན་གྲངས་༣ གྱི་ ལ་བཤལ་ས་ཁོངས་ཅིག་ཨིན་མི་དེ་ ཕོབ་སྦྱིས་ཁ་ལས་སྦེ་ སྒོར་སྒོ་ནང་ དེ་ལས་ མཁོ་ཐང་ཁ་ལུ་ ཐོན་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་འབད་བའི་བསྒང་ལས་ ས་གནས་གསུམ་ཆ་ར་ནང་ སོ་ནམ་ཞིང་ལམ་ལྷོད་ནི་དེ་གིས་ ལ་བཤལ་གྱི་གནས་རིམ་དང་མི་ལྡན་མས་ཟེར་ཨིན་པས།
བུམ་ཐང་གི་ ལམ་སྲོལ་ལྟ་བཤལ་དེ་ སྤྱིར་བཏང་ཡོངས་གྲགས་ཅན་ཅིག་སྦེ་ ཡོདཔ་ཨིན་རུང་ ས་ཁོངས་ཚུ་ནང་ཡང་ སོ་ནམ་ཞིང་ལམ་ལྷོད་མི་ལུ་བརྟེན་ ལ་བཤལ་གྱི་མིང་གནས་མེདཔ་ཐལ་སོ་ཡི་ཟེར་ ལ་བཤལ་པ་ཅིག་གིས་ བཤདཔ་ཨིན་པས།
འབྲུག་ལྟ་བཤལ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཤར་རྡོ་རྗེ་གིས་འབད་བ་ཅིན་ བུམ་ཐང་ ཏོག་ཏོ་ཟམ་ལས་ ཨྱོན་ཆོས་གླིང་ཚུན་ སོ་ནམ་ཞིང་ལམ་བཏོན་མི་གིས་ ལ་བཤལ་ལུ་འོང་མི་ ལྟ་བཤལཔ་མར་ཉམས་སོ་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ལས་འཛིན་གྱིས་ ཡོངས་ཁྱབ་འཛིན་སྐྱོང་པ་ ཤར་རྡོ་རྗེ་གིས་འབད་བ་ཅིན་ བུམ་ཐང་ ཏོག་ཏོ་ཟམ་ལས་ ཨྱོན་ཆོས་གླིང་ཚུན་ སོ་ནམ་ཞིང་ལམ་བཏོན་མི་དེ་གིས་ ལ་བཤལ་འོང་མི་ ལྟ་བཤལཔ་ཉམས་སོ་ཡི་ཟེར་ཨིན་པས།
ཨེ་ཏོག་མེ་ཏོག་ལྟ་བཤལ་ལས་སྡེའི་མདོ་ཆེན་ སངས་རྒྱས་དབང་ཕྱུག་གིས་ སླབ་མི་དང་འཁྲིལཝ་ད་ ལ་བཤལ་གྱི་དོན་ལུ་ ལམ་གསརཔ་འཚོལ་ནིའི་དུས་ཚོད་ རན་ཆེ་ཡི་ཟེར་ཨིན་པས།
གཡང་འཕེལ་ལྟ་བཤལ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཀརྨ་བློ་གྲོས་ཀྱིས་འབད་བ་ཅིན་ ལ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ ལམ་གསརཔ་འཚོལ་དགོཔ་དེ་ ཁག་ཆེ་བས་ཟེར་ཨིནམ་ད་ མ་གཞི་ འབྲུག་རྒྱལ་ཁབ་ནང་ ལམ་གསརཔ་གཏོན་ནིའི་གོ་སྐབས་དེ་ ལེ་ཤ་ཡོད་རུང་ ཁག་ཆེ་ཤོས་དེ་ དུས་ཚོད་དང་ མ་དངུལ་ཚུ་ཨིན་ཟེར་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ གནང་བ་ཞུ་ཡོདཔ་བཞིན་ གཡང་འཕེལ་ལྟ་བཤལ་ལས་སྡེ་གིས་ ནུབ་ཕྱོགས་སྡེ་ལ་བཤལ་ཟེར་ ཞག་༤ དང་ཉིནམ་༥ འགོར་མིའི་ལམ་གསརཔ་འཚོལ་མི་དེ་ སང་ཕོད་ལས་ འགོ་བཙུགས་ནི་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཤར་རྡོ་རྗེ་གིས་ འབད་བ་ཅིན་ ལ་བཤལ་གྱི་ ལམ་གསརཔ་བཏོན་པའི་སྐབས་ལུ་ཡང་ འཐུང་ཆུ་ ཡོད་སའི་ས་ཁོངས་དང་ མི་༡༠ ལས་༡༥ ཚུན་ སྒར་བཅགས་སྡོད་ས་ཡོད་མེད་ཚུ་ག་ར་ ལྟ་དགོཔ་ཡོད་ཟེར་ཨིན་པས།
ལྟ་བཤལ་ལས་སྡེ་ལས་་མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྟ་བཤལ་ལས་སྡེ་ཚུ་གིས་ ལ་བཤལ་དང་ ལམ་སྲོལ་༢ ཆ་ར་ གཅིག་ཁར་མེན་པར་ ལ་བཤལ་ཨིན་པ་ཅིན་ དེ་ལུ་རྐྱངམ་གཅིག་ གཙོ་བོར་བཏོན་པ་ཅིན་ ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ སྤྲོད་ཚུགས་ནི་མས་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ ལྟ་བཤལ་ལས་སྡེ་ མང་ཤོས་ཅིག་གིས་ ལ་བཤལ་དང་ ལམ་སྲོལ་གཉིས་ཆ་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
ཀུན་གསལ་གྱིས་ འབྲུག་ལྟ་བཤལ་ཚོགས་སྡེའི་ འགོ་དཔོན་ཚུ་དང་ཕྱད་ནིའི་དཔའ་བཅམ་འབད་རུང་ ཕྱད་མ་ཚུགསཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment