གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་ལུ་ ལྕོགས་གྲུབ་ཡོད་པ་ཅིན་ སྤྱི་ཚོགས་ཀྱི་ཁྲི་ལུ་བདག་པོ་མེདཔ།

༢༠/༤/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གི་དོན་ལུ་ རྩོད་བསྡུར་གྱི་ལས་རིམ་མཇུག་དེ་ ཁ་ཙ་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ ངོ་སྤྲོད་ཀྱི་ལས་རིམ་ནང་ གསལ་བཤད་འབད་མི་གཉིས་པ་ སྐྱེས་ལོ་༢༩ འབད་མི་ ཁྲོམ་སྡེའི་འདེམས་ངོ་ ཚེ་རིང་གིས་ ཨའི་གི་བུ་ལུ་ཡོན་ཏན་ཡོདན་ དགའ་ལྡན་གྱི་ཁྲི་ལུ་ བདག་པོ་མེད་ཟེར་ སླབ་ཨིན་པས།


དེ་ཡང་ གལ་སྲིད་ དོ་འགྲན་འབད་མི་ འདེམས་ངོ་ཚུ་ལུ་ ལྕོགས་གྲུབ་ར་ཡོད་པ་ཅིན་ འབྲུག་གི་ སྤྱི་ཚོགས་ཀྱི་ཁྲི་ལུ་ཡང་ བདག་པོ་མེད་ཟེར་ ཚེ་རིང་གིས་ དཔེ་དང་འདྲཝ་སྦེ་ སླབ་ཨིན་པས།
ག་དེམ་ཅིག་སྦེ་ ཐིམ་ཕུ་རྫོང་ཁག་གི་ མི་སེར་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་གནང་པ་ཅིན་ ཁོ་གིས་ ཁྲིམས་བཟོ་དང་ ས་ཆ་དང་འབྲེལ་བའི་གནད་དོན་བསལ་ནི་ སྒེར་སྡེ་གོང་འཕེལ་གཏང་ནི་ རྒྱལ་ཁབ་ཀྱི་ རང་དབང་དང་ ཉེད་སྲུང་ དེ་ལས་ ན་གཞོན་དང་འབྲེལ་བའི་ གནད་དོན་ཚུ་ལུ་ གཙོ་བོར་བཟུང་སྟེ་ ཕྱག་ཞུ་ནི་གི་ ཁས་བླངས་འབད་ཡི།
ལྕང་རྒེད་འོག་གི་འདེམས་ངོ་ སྐྱེས་ལོ་༢༨ འབད་མི་ ཉི་མ་རྒྱལ་ཚན་གྱིས་ ད་རེས་ཀྱི་ གནས་སྟངས་ནང་ཡང་ མི་མང་ཤོས་ཅིག་གིས་ རྒྱལ་ཡོངས་ཚོགས་སྡེ་དེ་ ཁག་མ་ཆེཝ་སྦེ་ མནོ་བསམ་བཏང་དོ་ཡོདཔ་ད་ དེ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་དགོཔ་ འདུག་ཟེར་སླབ་ཅི།
ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འགན་ཁུར་གྱི་སྐོར་ལས་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁོང་ར་གིས་འབད་ ཁྲིམས་གསརཔ་ཚུ་ བཟོ་ནི་མེདཔ་ཨིན་རུང་ ལྷན་ཁག་དང་ ལས་ཁུངས་ དེ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་བཟོ་མི་ ཁྲིམས་ཚུ་ བསྐྱར་ཞིབ་མཛདཔ་ཨིན་ཟེར་ཨིན་པས།
ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ཕྱི་ནང་གི་ མི་འཛོམས་ས་ རྒྱལ་ས་ལྟེ་བ་ཐིམ་ཕུ་ལུ་འབད་ནི་དེ་གིས་ ཐིམ་ཕུ་དེ་ རྫོང་ཁག་གཞན་གྱི་དོན་ལུ་ དཔེ་སྟོན་བཟུམ་ཅིག་སྦེ་ བཟོ་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་སླབ་ཅི།
སྨད་ཝང་རྒེད་འོག་གི་འཐུས་མི་ སྐྱེས་ལོ་༢༧ འབད་མི་ ཚེ་རིང་བཀྲིས་དེ་ འདེམས་ངོ་གཞོནམ་ཚུ་གི་གྲས་ལས་ གཞོན་ཤོས་ཅིག་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མ་གཞི་ཁོ་ལུ་ འཐུས་མི་གཞན་ རྒན་ཤོས་ཚུ་བཟུམ་མའི་ ཉམས་མྱོང་མེད་དེ་འབད་རུང་ ཁོ་ར་ སློབ་གྲྭ་ནང་སྡོདཔ་ད་ ཡོངས་དཔོན་འབད་ཡོདཔ་མ་ཚད་ རྒྱ་གར་རྒྱལ་ཁབ་ནང་ མཐོ་རིམ་སློབ་སྦྱོང་འབད་བའི་སྐབས་ འབྲུག་པའི་སློབ་ཕྲུག་ཚུ་གི་ གཙོ་འཛིན་འོག་མ་འབད་ཡང་ ཕྱག་ཞུ་ཡི་ཟེར་ཨིན་པས།
དེ་མ་ཚད་ ཁོ་ར་ ཤེས་ཡོན་སྦྱང་སྡོད་པའི་སྐབས་ལས་ར་ ལྟ་བཤལ་ལམ་སྟོནན་པ་སྦེ་ ལཱ་འབད་ཡི་ཟེར་ ཚེ་རིང་བཀྲིས་ཀྱིས་ སླབ་ཨིན་པས།
རྫོང་ཁག་གཞན་ཚུ་ནང་ རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ དུས་ཚོད་ཀྱིས་མ་ལང་པར་ ཉེན་བརྡའི་བརྡ་སྐད་ཚུ་ཡང་ བརྡུང་དགོཔ་ཐོན་ཡོདཔ་ཨིན་རུང་ ལས་རིམ་མཇུག་དེ་ནང་ འདེམས་ངོ་ག་ར་གིས་ གསལ་བཤད་ཚུ་ དུས་ཚོད་ཁར་འབད་བའི་ མངོན་གསལ་བྱུང་ཡི།
ཐིམ་ཕུ་རྫོང་ཁག་ནང་ རྒེད་འོག་༨ དང་ ཁྲོམ་སྡེ་ཅིག་ཡོདཔ་ད་ བསྡོམས་ཀྱིས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༢,༢༠༩ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment