གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་༣༦ གཏན་འཁེལ་སོང་ཡོདཔ།

༢༠/༤/༢༠༡༣   ༉ ཁ་ཙ་ འབྲུག་སྤྱིར་དབང་ཚོགས་པ་གིས་ འདེམས་ངོ་༣ གཏན་འཁེལ་སོང་ཡོད་པའི་ གསལ་བསྒྲགས་འབད་མི་དང་བསྟུན་ འདེམས་ངོའི་གྱངས་ཁ་༣༦ ལུ་ ལྷོད་ཡོདཔ་ཨིན་པས།
འདེམས་ཁོངས་༤༧ གྱི་དོན་ལུ་ འདེམས་ངོ་༤༧ དགོཔ་ལས་ ད་རུང་ ཚོགས་པ་གིས་ འདེམས་ངོ་༡༡ འཚོལ་དགོཔ་ཨིན་པས།



ཀུན་དགའ་རྡོ་རྗེ། བར་དོ་-ཀྲོང་འདེམས་ཁོངས། གཞལམ་སྒང་།

གཞལམ་སྒང་ལུ་ རྒྱུན་ཐག་ཡོངས་འབྲེལ་གྱི་ ཚོང་ལཱ་འབད་དེ་ ལོ་༤ ལྷགཔ་ཅིག་སོང་མི་ ཀུན་དགའ་རྡོ་རྗེ་གིས་ ཚོགས་པའི་འདེམས་ངོ་སྦེ་ བར་དོ་-ཀྲོང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
མི་སྡེ་རིག་པའི་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ སྐྱེས་ལོ་༣༡ ལང་མི་ ཀུན་དགའ་རྡོ་རྗེ་གིས་ ཁོ་ སྲིད་དོན་ནང་ འཛུལ་ཞུགས་འབད་མི་དེ་ ཁོ་རའི་འདེམས་ཁོངས་ཀྱི་ མི་སེར་ཚུ་ལུ་ གདམ་ཁ་མངམ་རྐྱབ་ནི་གི་ གོ་སྐབས་བྱིན་ཐབས་ལུ་ཨིན་ཟེར་ སླབ་ཨིན་པས།
ཀུན་ལེགས་དཔལ་འབྱོར། དགོན་ཁ་སྨད་-ལུང་ནག་ནང་། མགར་ས།
སྐྱེས་ལོ་༤༢ ལང་མི་ ཀུན་ལེགས་དཔལ་འབྱོར་ལུ་ རྫོང་ཁའི་རིག་གཞུང་གི་ མཐོ་རིམ་ཤེས་ཚད་ཡོདཔ་ད་ ཁོ་ དགོན་ཁ་སྨད་-ལུང་ནག་ནང་འདེམས་ཁོངས་ཀྱི་ འདེམས་ངོ་ཨིན་པས།
མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་བའི་ཤུལ་ལུ་ ཁོ་རའི་ འདེམས་ཁོངས་ནང་ སྡོད་ཡོདཔ་ལས་ མི་སྡེ་དང་ རྒྱལ་ཁབ་ མི་སེར་ཚུ་ལུ་ དྲིན་ལན་འབྱོར་ནི་དེ་ སྲིད་དོན་ནང་ འཛུལ་ཞུགས་འབད་དེ་མ་གཏོགས་ ཐབས་ལམ་གཞན་མེད་ཟེར་ ཁོ་གིས་ སླབ་ཨིན་པས།
ཏེཇ་བྷ་དུར་ ཆེ་ཏི་རི། བོང་སྒོ་-སྐྱབས་ཆ་འདེམས་ཁོངས། ཆུ་ཁ།
ཁ་ཙ་ ངོ་སྤྲོད་འབད་མི་ འདེམས་ངོ་༣ ལས་ གཞན་ཤོས་ཅིག་ཨིན་མི་ ཏེཇ་བྷ་དུར་ ཆེ་ཏི་རི་ སྐྱེས་ལོ་༢༨ ལང་མི་གིས་ ཆུ་ཁ་བོང་སྒོ་-སྐྱབས་ཆ་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ནི་ཨིན་པས།
ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ འདེམས་ངོ་དེ་ ཁོ་རའི་ བཟོ་སྐྲུན་ཚོང་སྡེ་འཛིན་སྐྱོང་ འཐབ་སྡོད་ཡོདཔ་ད་ ཚོགས་པའི་ལྟ་བ་དེ་ རྒྱལ་ཁབ་ནང་ ལེགས་བསྒྱུར་འབག་འོང་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་མི་ལུ་ ཡིད་ཆེས་འདྲོངས་ཡི་ཟེར་ ཁོ་གིས་ སླབ་ཨིན་པའི་གནས་ཚུལ།

 

No comments:

Post a Comment