གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོའི་ཚོགས་པ་ལུ་ འདེམས་ངོ་༡༧ མ་ཚང་པར་ཡོདཔ།

༢༠/༤/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོའི་ཚོགས་པ་གིས་ ད་རུང་ འདེམས་ངོ་གསརཔ་༥ ངོ་སྤྲོད་འབད་ཡོདཔ་ལས་ འདེམས་ངོའི་གྱངས་ཁ་༣༠ ལུ་ ལྷོད་ཡོདཔ་ཨིན་པས།
འདི་འབདཝ་ད་ ཚོགས་པ་ལུ་ འདེམས་ངོ་༡༧ མ་ཚང་པར་ཡོད་མི་ཚུ་ འཕྲལ་མགྱོགས་ར་ ངོ་སྤྲོད་འབད་འོང་ཟེར་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པས།



བཀྲིས་ནོར་བུ། སྐྱེས་ལོ་༥༡། མཁར་-  གཡུ་རུང་འདེམས་ཁོངས། པདྨ་དགའ་ཚལ།
གཞུང་གཡོག་ནང་ ལོ་ངོ་༣༠ དེ་ཅིག་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་མི་ བཀྲིས་ནོར་བུ་གིས་ ཚོགས་པའི་འདེམས་ངོ་སྦེ་ མཁར-  གཡུ་རུང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
མཐོ་རིམ་གོང་མའི་ནང་ ཤེས་ཚད་ཡོད་མི་ བཀྲིས་ནོར་བུ་གིས་ ཤེས་རིག་འགོ་དཔོན་དང་ སློབ་གྲྭའི་དབུ་འཛིན་ རྫོང་བདག་ དེ་ལས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
རིག་འཛིན་རྡོ་རྗེ། སྐྱེས་ལོ་༤༩། ཤོམ་སྤང་ཁ་འདེམས་ཁོངས། གསར་སྤང་།
ཧཱ་གི་རྫོང་བདག་བགྲེསཔ་ རིག་འཛིན་རྡོ་རྗེ་གིས་ མི་མང་སྲིད་བྱུས་ནང་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ ཁོ་གིས་ ཤོམ་སྤང་ཁ་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ འབྲེལ་གཏོགས་འབད་ནི་ཨིན་པས།
རིག་འཛིན་རྡོ་རྗེ་གིས་ མི་སེར་དམངས་གཙོའི་ཚོགས་པའི་ འདེམས་ངོ་སྦེ་ སྤྱི་ལོ་༢༠༠༨ ནང་ འཐོན་ནི་གི་ མནོ་བསམ་བཏང་ཡོདཔ་ཨིན་རུང་ འདེམས་ངོ་ཨམ་སྲུ་༡ ཐོན་མི་ལུ་བརྟེན་ ད་ལྟོ་ གོ་སྐབས་ལེན་ཡི་ཟེར་ སླབ་ཨིན་པས།
འཇིགས་མེད་འབྲུག་པ། སྐྱེས་ལོ་༤༤། ན་ནོང་- ཤུ་མར་འདེམས་ཁོངས། པདྨ་དགའ་ཚལ།
འཇིགས་མེད་འབྲུག་པ་གིས་ ནང་རིག་ནང་ མཐོ་རིམ་ཤེས་ཚད་སྦྱང་ཡོདཔ་བཞིན་དུ་ ཁོ་གིས་ སྤྱི་ལོ་༢༠༠༨ ལུ་ཡང་ ན་ནོང་- ཤུ་མར་འདེམས་ཁོངས་ལས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ དོ་འགྲན་འབད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོའི་ཚོགས་པ་གིས་ རྒྱལ་ཁ་ཐོབ་པ་ཅིན་ གཞུང་ལེགས་ཤོམ་སྦེ་ སྐྱོང་ཚུགས་ཟེར་ ཨིནམ་མ་ཚད་ ལྡོག་ཕྱོགས་ནང་འབད་རུང་ ཧེ་མ་བཟུམ་སྦེ་ར་ འཐུས་ཤོར་མེད་པར་འབད་ཚུགས་ཟེར་ཨིན་པས།
རིག་འཛིན་རྡོ་རྗེ། སྐྱེས་ལོ་༤༠། ཕུན་ཚོགས་གླིང་འདེམས་ཁོངས། ཆུ་ཁ།
ཚོང་རིག་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ རིག་འཛིན་རྡོ་རྗེ་གིས་ ཚོགས་པའི་འདེམས་ངོ་སྦེ་ ཕུན་ཚོགས་གླིང་འདེམས་ཁོངས་ལས་ དོ་འགྲན་འབད་ནི་ཨིན་པས།
མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཏེ་ རྒྱལ་ཁབ་ནང་ རྒཔོ་འབད་མི་ དང་པ་ཨིན་མི་ རིག་འཛིན་རྡོ་རྗེ་གིས་ སྤྱི་ལོ་༢༠༠༨ ལུ་ཡང་ ཚོགས་པའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ཡོདཔ་ཨིན་པས།
པདྨ་འབྲུག་པ། སྐྱེས་ལོ་༣༡། ཁ་སྨད་- ལུང་ནག་ནང་འདེམས་ཁོངས། མགར་ས།
ཚན་རིག་ནང་ མཐོ་རིམ་ཤེས་ཚད་ཡོད་མི་ པདྨ་འབྲུག་པ་གིས་ ཁ་སྨད་- ལུང་ནག་ནང་འདེམས་ཁོངས་ལས་ ཚོགས་པའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིནམ་ད་ ཁ་ཙ་ འདེམས་ངོ་ཚུ་ ངོ་སྤྲོད་འབདཝ་ད་ ཁོ་མེདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment