གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདོད་སྤྱོད་ཀྱི་ གནོད་འཚེ་འབད་མི་ ཕྱི་མི་སློབ་དཔོན་ཅིག་འཛིན་བཟུང་།

༡༦/༨/༢༠༡༢     ༉ ཟླཝ་༢ ཀྱི་ཧེ་མར་ སློབ་ཕྲུག་བུམོ་༢ ལུ་ འདོད་ཆགས་ཀྱི་སྒོ་ལས་ གནོད་འཚེ་འབད་བའི་ འབྲེལ་གནད་ལུ་བརྟེན་ སྐྱེས་ལོ་༣༣ ལང་མི་ ཕྱི་མི་སློབ་དཔོན་ཅིག་ ཁ་ཙ་ བསམ་རྩེ་རྫོང་ཁག་ སིབ་སུའི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།


ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ སློབ་དཔོན་དེ་གིས་ སློབ་ཕྲུག་༢ ལུ་ ཆོས་ཚན་རྩིས་ཀྱི་ ཆོས་རྒྱུགས་ཀྱི་དྲི་ཤོག་བྱིན་ཏེ་ ལྷུ་ཐོག་ལས་ ཁོ་རའི་ཁྱིམ་ནང་ འདོད་སྤྱོད་ཀྱི་དོན་ལུ་ དཀྲོགས་ཡོད་པའི་སྐོར་ དཔལ་འབྱོར་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ དབང་འཛིན་གྱིས་ ཁ་ཙ་ ཤེས་རྟོགས་བྱུང་སྟེ་ ཁྲིམས་སྲུང་འགག་པ་ལུ་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ བྱུང་རྐྱེན་དེ་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་འགོ་མ་བཙུགས་པའི་ཧེ་མར་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ བྱུང་ནུག་ཟེར་ཨིན་པས།
ཁ་ཉེས་ཕོག་མི་ སློབ་དཔོན་དེ་གིས་ ཉམས་རྒུད་པ་༢ ལུ་ སྐུགས་༢༥ རེ་འབད་མི་ རྩིས་ཀྱི་དྲི་ཤོག་༨ བྱིན་ཡོདཔ་མ་ཚད་ རྩིས་ཀྱི་ཆོས་རྒྱུགས་མ་རྐྱབ་པའི་ ཉིནམ་ཅིག་གི་ཧེ་མར་ ལྷུ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ སློབ་ཕྲུག་ཚུ་གིས་ དེ་གི་ནངས་པར་ ཆོས་ཚན་རྩིས་ཀྱི་ དྲི་ཤོག་ཚུ་ནང་ ཁོང་ལུ་ ཐོབ་ཡོད་མི་ དྲི་བ་དེ་ར་ཨིནམ་སྦེ་ མཐོང་ནུག་ཟེར་ སླབ་ཨིན་པས།
སློབ་དཔོན་དེ་གིས་ སློབ་ཕྲུག་ཚུ་ ཁོ་འབད་སར་འོངམ་ད་ ཟུར་སློབ་འབད་ནི་ཡོདཔ་བཞིན་དུ་ ཉིནམ་དེ་ནང་ཡང་ ཉམས་རྒུདཔ་༢ སློབ་ཕྲུག་གཞན་ཚུ་དང་གཅིག་ཁར་ དཔེ་ཆ་ལྷབ་པར་ ཁོ་གི་ཁྱིམ་ནང་ འོང་ཡོདཔ་ཨིན་རུང་ ཁོང་༢ མ་གཏོགས་ སློབ་ཕྲུག་གཞན་ཚུ་ ལོག་སོང་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
དེ་ལས་ ཉམས་རྒུད་པ་༢ ཀྱིས་ དྲི་ཤོག་ཚུ་ སློབ་ཕྲུག་གཞན་ཚུ་ལུ་ སྤྲོད་ཡོདཔ་ལས་ གསང་བ་ཤོར་ཡོདཔ་བཞིན་དུ་ དེ་གི་སྐོར་ལས་ སློབ་གྲྭ་གིས་ ཧ་གོ་ཡོད་རུང་ འདོད་སྤྱོད་ཀྱི་ གནོད་འཚེ་འབད་ཡོདཔ་ ཤེས་རྟོགས་མ་བྱུང་པས་ཟེར་ཨིན་པས།
མ་གཞི་ སློབ་གྲྭའི་དབང་འཛིན་གྱིས་ དྲི་ཤོག་གསང་བ་ཤོར་བའི་སྐོར་ ལོ་ཕྱེད་ཀྱི་ ཆོས་རྒྱུགས་རྐྱབ་ཚརཝ་ད་རྐྱངམ་གཅིག་ ཧ་གོ་ཡོདཔ་ལས་ སློབ་ཕྲུག་ཚུ་གིས་ ག་དེ་སྦེ་ ཐོབ་ཐོབ་ཨིན་ན་ ཞིབ་དཔྱད་རྐྱབ་སྟེ་ དྲི་དཔྱད་འབད་བའི་སྐབས་ ཉམས་རྒུད་པ་༢ དང་ བྱུང་རྐྱེན་དེ་གི་སྐོར་ལས་ ཧ་གོ་ཡོདཔ་ཨིན་པས།
དོགས་པ་ཅན་གྱི་ ངག་བརྗོད་དང་འཁྲིལཝ་ད་ ཁོ་གིས་ སློབ་ཕྲུག་ཚུ་ལུ་ འདོད་སྤྱོད་ཀྱི་ གློག་བརྙན་ཅིག་ སྟོན་ཐོག་ལས་ འདོད་ཆགས་འཕེལ་ཐབས་འབད་ཡོད་རུང་ འདོད་སྤྱོད་འབད་འབདཝ་མེདཔ་སྦེ་ བཀོད་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ད་རུང་ སློབ་དཔོན་དེ་གིས་ ཉམས་རྒུད་པ་༢ ཀྱི་ སྐེདཔ་གུ་བཤེད་དེ་ འུ་བཀལ་ཡོདཔ་སྦེ་ རྫུན་ཁ་བཟེད་བའི་ཁར་ སློབ་ཕྲུག་༢ ཀྱིས་འབད་རུང་ ཁོ་གིས་ འདོད་སྤྱོད་ཀྱི་དོན་ལུ་ དཀྲོགས་པའི་ཤུལ་ལས་ ཁོང་ལུ་ དྲི་ཤོག་ཚུ་ བྱིན་དེས་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ གནས་ཚུལ་ཐོབ་མི་དེ་ ཉམས་རྒུད་པ་༢ དང་ དོགས་པ་ཅན་གྱིས་བྱིན་མི་ ངག་བརྗོད་ཚུ་ལུ་ གཞི་བཞག་སྟེ་ཨིནམ་ལས་ ཁ་གསལ་སྦེ་ ཧ་གོ་ནིའི་དོན་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།
ད་ལྟོ་ དོ་དམ་འོག་ལུ་ཡོད་མི་ དོགས་པ་ཅན་དེ་ སློབ་གྲྭ་དེ་ནང་ སློབ་སྟོན་འབད་དེ་ ལོ་ངོ་༥ ལང་ཡོདཔ་མ་ཚད་ ཁོ་ར་རྐྱངམ་གཅིག་ སྡོདཔ་ཨིན་པས།
སློབ་གྲྭའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ལས་ ཁོང་གིས་ ད་ལྟོ་ ག་ཅི་ཡང་ སླབ་མི་ཚུགས་པས་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment