གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་འབྲེལ་ལག་ཁྱེར་ཚུ་ མགྱོགས་སུ་སྦེ་ འཐོབ་ཚུགས་ནི།

༡༧/༨/༢༠༡༢   ༉ བསྟན་རྒྱས་ལྷན་ཁག་གིས་ ཨི་པོར་ཊཱལ་ཟེར་མི་ ཡོངས་འབྲེལ་འཆར་སྒོའི་ ལམ་ལུགས་ཅིག་ འགོ་འབྱེད་འབད་མི་དང་འཁྲིལ་ ཧེ་མར་ ཚོང་འབྲེལ་ཆོག་ཐམ་དང་ ལག་ཁྱེར་ཚུ་ སྤྲོད་ནིའི་དོན་ལུ་ དུས་ཡུན་ཉིནམ་༡༤ དེ་རེ་ འགོར་མི་དེ་ ད་ལས་ཕར་ དུས་ཡུན་ཕྱེད་ཀ་དེ་ཅིག་ མར་ཕབ་འབད་ཚུགས་ནི་ཨིན་པས།


དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༥ ལུ་ འགོ་འབྱེད་འབད་མི་ ཡོངས་འབྲེལ་འཆར་སྒོ་ལུ་བརྟེན་ བརྡ་དོན་ཚུ་ འཐོབ་ཚུགས་ནི་དང་ རང་སོའི་ཡིག་ཆ་ཚུ་ཡང་ བརྡ་དོན་ཡོངས་འབྲེལ་ནང་ བཙུགས་ཐོག་ལས་ ཚོང་འབྲེལ་གྱི་ལཱ་ཚུ་ འབད་ཚུགས་ནི་ཨིན་པས།
ཇི་ཊུ་བི་ཟེར་ གཞུང་ལས་ཚོང་འབྲེལ་ལམ་ལུགས་དེ་ གཞུང་ལས་མི་སེར་ཟེར་མི་ ཇི་ཊུ་སི་ལམ་ལུགས་དེ་དང་ ཅོག་འཐདཔ་ཨིན་པས།
གཞུང་ལས་མི་སེར་ཟེར་མི་ ལམ་ལུགས་ཐོག་ལས་ བྱིན་མིའི་ཞབས་ཏོག་གི་ ཐོ་ཡིག་དང་འཁྲིལཝ་ད་ བསྟན་རྒྱས་ལྷན་ཁག་གིས་ ཚོང་འབྲེལ་ལག་ཁྱེར་མ་འདྲཝ་ཚུ་ སྤྲོད་ནིའི་དོན་ལུ་ བདུན་ཕྲག་༢ དེ་རེ་ འགོར་ཡོདཔ་སྦེ་ བཀོད་བཞིན་དུ་ འཆར་སྒོ་དེ་ནང་ ཚོང་འབྲེལ་འགོ་བཙུགས་ཐབས་ལུ་ ཁག་ཆེ་བའི་ ལག་ཁྱེར་དང་  ལས་ཁུངས་ཚུ་གི་ ཉོགས་མེད་ལག་ཁྱེར་ དེ་ལས་ ཆོག་ཐམ་དང་ གནང་བ་ཚུ་ཚངམ་སྦེ་ ཚུད་དེ་ཡོདཔ་ཨིན་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ གལ་སྲིད་ མི་ཅིག་གིས་ ཤིང་དུམ་བགོ་བཤའ་ཐོག་ བཙོང་ནི་གི་ ལཱ་ཅིག་འགོ་འདྲེན་འཐབ་ནི་ཨིན་པ་ཅིན་ ཡོངས་འབྲེལ་འཆར་སྒོ་དེ་གིས་ ལཱ་དེ་དང་འབྲེལ་བ་ཡོད་པའི་ ལས་སྡེ་དང་སྦྲགས་ ཆོག་ཐམ་འཐོབ་ནི་ལུ་ དུས་ཡུན་ག་དེམ་ཅིག་ འགོར་ནི་ཨིན་ན་དང་ ཆོག་ཐམ་ཚུ་གི་དོན་ལུ་ འཐུས་ག་དེམ་ཅིག་ སྤྲོད་དགོཔ་ཨིན་ན་ དེ་ལས་ ཆོག་ཐམ་གྱི་ གནད་དོན་དང་ འབྲེལ་བ་ཅན་གྱི་ ལས་སྡེའི་ས་ཁྲ་ཚུ་ གསལ་སྟོན་འབད་ནི་ཨིན་པས།
ལམ་ལུགས་དེ་ཡང་ ལྷན་ཁག་གིས་ མི་སེར་ལུ་ ཞབས་ཏོག་གི་ སྤུས་ཚད་ཡར་དྲག་ཐོག་ བྱིན་ནིའི་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་པས།
ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ལམ་ལུགས་གསརཔ་ འགོ་བཙུགས་དགོ་མི་དེ་ཡང་ གཙོ་བོ་ར་ ད་རེས་ཀྱི་ ལམ་ལུགས་ནང་ ལྷན་ཁག་དང་ མི་སེར་གྱི་བར་ན་ བྱ་སྟབས་མ་བདེཝ་ ཡོད་མི་ལུ་བརྟེན་ཨིནམ་མ་ཚད་ ལྷན་ཁག་དང་ རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་༢ ཆ་ར་གིས་ མི་སེར་ཚུ་ལུ་ ཆོག་ཐམ་སྤྲོད་ནིའི་དོན་ལུ་ སྲིད་བྱུས་ལེགས་ཤོམ་ཅིག་ དགོཔ་ཁག་ཆེ་ནི་དེ་གིས་ཨིན་པས།
དུས་ཅི་ སྤྱི་ཟླ་༤ པའི་ནང་འཚོགས་མི་ ཚོང་འབྲེལ་ཞལ་འཛོམས་ཀྱི་སྐབས་ལུ་ཡང་ འགོ་དཔོན་ཚུ་གིས་ ཚོང་འབྲེལ་ལག་ཁྱེར་སྤྲོད་ནིའི་ སྲིད་བྱུས་ཀྱི་ དམིགས་ཡུལ་གཙོ་བོ་ར་ མི་སེར་ལུ་ ཞབས་ཏོག་ཚུ་ མགྱོགས་དྲགས་སྦེ་ སྤྲོད་ནི་དང་ འཛིན་སྐྱོང་གི་ལཱ་ཚུ་ མར་ཕབ་རྐྱབ་ནིའི་དོན་ལུ་ཨིནམ་སྦེ་ གྲོས་འཆམ་བྱུང་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་ཚེ་རིང་གིས་འབད་བ་ཅིན་ ཨི་པོར་ཊཱལ་ལམ་ལུགས་དེ་གིས་ དམིགས་བསལ་དུ་ མཐའ་ཟུར་གྱི་ ཚོང་འབྲེལ་ལས་ཁང་ཆུང་ཀུ་དང་ ཚོང་པ་ཚུ་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཐའ་ཟུར་གྱི་ མི་སེར་ཚུ་གིས་ རང་སོའི་ཁྱིམ་ནང་ལས་དང་ ཡང་ཅིན་ མི་སྡེའི་བརྡ་དོན་ལྟེ་བ་ཚུ་ནང་ལས་སྦེ་ ལག་ཁྱེར་ལེན་ནིའི་སྐོར་ལས་ བརྡ་དོན་ཚུ་ འཐོབ་ཚུགས་ནི་དང་ དེ་བཟུམ་སྦེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ བློན་ཆེན་གྱིས་ མི་སེར་ཚུ་ལུ་ ཚོང་འབྲེལ་གྱི་ ལག་ཁྱེར་དང་ ཆོག་ཐམ་ དེ་ལས་ གནང་བ་ཚུ་ལེནམ་ད་ ཇི་ཊུ་བི་ལམ་ལུགས་དེ་ ལག་ལེན་འཐབ་དགོ་པའི་ བཀའ་རྒྱ་ཅིག་ གནང་ཡོདཔ་ཨིན་པས།
ལམ་ལུགས་དེ་ཡང་ ལྷོ་ཨེ་ཤི་ཡ་ཚོང་འབྲེལ་གོང་འཕེལ་མཐུན་རྐྱེན་གྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱིས་ ཡུ་ཀེ་གཞུང་དང་ ནོར་ཝེ་ལས་སྡེ་གོང་འཕེལ་ལས་འཛིན་དང་གཅིག་ཁར་ མཉམ་འབྲེལ་ཐོག་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ར་ཤཱཌ་ཀཱལ་ཌ་ནི་གིས་ བཤད་མིའི་ནང་ ལས་འཛིན་གྱིས་ འབྲུག་པའི་ ཚོང་འབྲེལ་ལག་ཁྱེར་སྤྲོད་ནི་གི་ ལམ་ལུགས་ལེགས་བཅོས་འབད་ནིའི་ནང་ ཆ་རོགས་འབད་མི་དེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཚོང་འབྲེལ་ལས་ཁང་ཆུང་བ་དང་ ཚོང་འབྲེལ་ཚུ་ གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཨི་པོར་ཊཱལ་ ཡོངས་འབྲེལ་འཆར་སྒོ་དེ་ནང་ ལས་སྡེ་༢༩ ལས་ཐོབ་མི་ ཆོག་ཐམ་རིགས་མ་འདྲཝ་༡༡༩ ཡོདཔ་མ་ཚད་ ཉེ་བར་མཁོ་བའི་ ཆོག་ཐམ་དང་ ལམ་ཁྱེར་ དཔེ་འབད་བ་ཅིན་ ཤིང་ཆས་ཆོག་ཐམ་དང་ ལྟ་བཤལ་གྱི་ཆོག་ཐམ་ དེ་ལས་ ཕྱིའི་ལས་མི་གི་ ཆོག་ཐམ་ཚུ་རྩིས་ཏེ་ ཆོག་ཐམ་དང་ ལག་ཁྱེར་༨ དེ་ཅིག་ལུ་ གཙོ་རིམ་བྱིན་ཐོག་ལས་ གསལ་སྟོན་འབད་ཡོདཔ་ཨིན་པས།
གཡང་འཕེལ་ལྟ་བཤལ་དང་ ལ་བཤལ་ལས་སྡེ་ལས་ ལས་བྱེདཔ་ཅིག་གིས་ ཀུན་གསལ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ལམ་ལུགས་གསརཔ་དེ་ལུ་བརྟེན་ ཞབས་ཏོག་ཚུ་ མགྱོགས་དྲགས་སྦེ་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དེ་མ་ཚད་ ལག་ཁྱེར་དང་ ཆོག་ཐམ་ཚུ་ལེན་ནིའི་དོན་ལུ་ ལྷན་ཁག་ནང་ མི་ངོམ་སྦེ་ འགྱོ་མ་དགོཔ་ལས་ དུས་ཚོད་འཕྲོ་བརླགས་མི་འགྱོ་ནི་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment