གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་འཕྲུལ་རིག་གླིང་ཁའི་ནང་ ས་ཁོངས་གླ་ཁར་ལེན་ནིའི་དང་འདོད།

༡༧/༨/༢༠༡༢   ༉ གཞུང་གིས་ ཐིམ་ཕུ་འཕྲུལ་རིག་གླིང་ཁ་དེ་ནང་ རྒྱལ་སྤྱི་ལས་སྡེ་ཆེ་བ་ཚུ་གིས་ བརྡ་དོན་དང་འབྲེལ་བའི་ ཞབས་ཏོག་ལས་འགུལ་ཚུ་ གཞི་བཙུགས་འབད་བཅུག་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ གྲུབ་འབྲས་ལེགས་ཤོམ་ཅིག་ བྱུང་མ་ཚུགས་པས།


ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ཨེ་མི་རི་ཀ་ལུ་ ཐོ་བཀོད་འབད་ཡོད་མི་ བརྡ་དོན་ཞབས་ཏོག་དང་འབྲེལ་བའི་ ལས་སྡེ་ཆུང་བ་ཅིག་གིས་ གླིང་ཁ་དེ་ནང་ ས་གོ་ཅིག་ གླར་སྤྱོད་འབད་ནི་གི་ དང་འདོད་བསྐྱེད་ཡོད་མི་དེ་ཡང་ ཤཱོན་བརྒྱུད་འབྲེལ་ལས་སྡེ་ཟེར་ བརྡ་དོན་ཚོང་འབྲེལ་ལྟེ་བ་དེ་གིས་ ནང་འཁོད་མི་སྟོབས་ཀྱི་ ལྕོགས་གྲུབ་བརྟག་ཞིབ་ཅིག་འབད་ཡོདཔ་ཨིན་པས།
གླིང་ཁའི་ལག་ལེན་གཙོ་འཛིན་འགོ་དཔོན་ ཚེ་རིང་སྲིད་རྒྱལ་རྡོ་རྗེ་གིས་ སླབ་མིའི་ནང་ ལས་སྡེ་དེ་གི་ ཚ་གྱང་ངོ་མ་ར་ ལྕོགས་གྲུབ་ཅན་གྱི་ མི་སྟོབས་ག་དེ་སྦེ་འོང་ག་ཟེར་བའི་ ཚ་གྱང་ལང་ནུག་ཟེར་ཨིན་པས།
ས་སྟོང་གསལ་བསྒྲགས་ཅིག་འབད་ཐོག་ལས་  འོས་འབབ་ཅན་གྱི་ ལས་བྱེདཔ་༩༨ དེ་ཅིག་གི་ ལྕོགས་གྲུབ་བརྟག་ཞིབ་འབད་བའི་ཤུལ་ལུ་ ལས་སྡེ་དེ་གིས་ འབྲུག་ལུ་ བརྡ་དོན་སྤྲོད་ལེན་གྱི་ ལས་བྱེདཔ་ལུ་ མི་སྟོབས་དང་འབྲེལ་བའི་ ལྕོགས་གྲུབ་ལུ་ ཡིད་ཆེས་འདྲོངས་ཡོདཔ་ལས་ ཁོང་གི་ བརྡ་དོན་ཚོང་འབྲེལ་གྱི་དོན་ལུ་ ལྕོགས་གྲུབ་ཅན་གྱི་ མི་སྟོབས་མཁོ་འདོད་དང་བསྟུན་ཡོད་པའི་ མཐོང་གསལ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ འགོ་ཐོག་ལས་སྡེའི་ འཛིན་སྐྱོང་མདོ་ཆེན་གྱིས་ གླིང་ཁ་དེ་ནང་ ལྟ་རྟོག་འབད་བར་ འོང་ཞིནམ་ལས་ དང་འདོད་ཡོད་པའི་ གསལ་སྟོན་འབད་ཐབས་ལུ་ ད་རུང་ ལས་སྡེའི་འཛིན་སྐྱོང་འགོ་དཔོན་༣ དེ་ཅིག་གིས་ བརྡ་དོན་ཚོང་འབྲེལ་གཞི་བཙུགས་ཀྱི་ འོས་འབབ་བལྟ་ཞིབ་ཀྱི་དོན་ལུ་ འོང་ཡི་ཟེར་ཨིན་པས།
ཚེ་རིང་སྲིད་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་སྡེ་དེ་གིས་ འཕྲལ་མགྱོགས་ར་ སྡོད་ཁྲི་ས་སྟོང་༣༠ དེ་ཅིག་གི་ བརྡ་དོན་ཚོང་འབྲེལ་ལས་ཁང་ཅིག་ གཞི་བཙུགས་ཀྱི་དོན་ལུ་ ས་གོ་གླ་ཁར་ལེན་ནི་གི་ དང་འདོད་བཀོད་དེ་ཡོད་ཟེར་ཨིན་པས།
གལ་སྲིད་ ཧེ་མའི་ འཆར་གཞི་དང་འཁྲིལ་ ཇེན་པེག་དང་ ཝིབ་རོ་བརྡ་དོན་ཚོང་འབྲེལ་ལྟེ་བ་ཚུ་གིས་ དང་འདོད་བསྐྱེད་དེ་ གཞི་བཙུགས་འབད་བ་ཅིན་ ལས་མི་ས་སྟོང་༡༥༠ འབད་མི་གི་ ལས་ཁང་ས་གོ་ཚུ་ ལག་ལེན་འཐབ་ནི་ཨིན་མི་དང་ཕྱདཔ་ད་ ལས་བྱེདཔ་༣༠ གི་དོན་ལུ་ ལྟེ་བ་ཆུང་དྲགས་པས་ཟེར་ཨིན་པས།
དེ་འབདཝ་ད་ ཇེན་པེག་གིས་ འབྲུག་གི་ གླིང་ཁ་དེ་ནང་ བརྡ་དོན་ཚོང་འབྲེལ་ལྟེ་བ་གཞི་བཙུགས་འབད་ནི་དེ་ བཤོལ་བཞག་འབད་ཡོདཔ་མ་ཚད་ ཝིཔ་རོ་ལུ་ ད་ལྟོ་ཚུན་ཚོད་ དང་འདོད་ཡོད་པའི་ གཏན་འཁེལ་མེདཔ་ལས་ གཞུང་དང་ ཐིམ་ཕུ་འཕྲུལ་རིག་གླིང་ཁ་གིས་ ཕྱི་ནང་གི་ ལས་སྡེ་གཞན་ག་གིས་ དང་འདོད་བསྐྱེད་རུང་ གོ་སྐབས་བྱིན་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
ལས་བྱེདཔ་གི་ ས་སྟོང་༣༠ ཡོད་རུང་ ལཱ་གཡོག་གི་ གོ་སྐབས་༥༠ དང་༦༠ གི་བར་ན་ གོ་སྐབས་བཟོ་ཚུགས་ནི་ཨིན་མི་དེ་ཡང་ བརྡ་དོན་ཚོང་འབྲེལ་ལས་སྡེའི་ནང་ ལས་བྱེདཔ་ཚུ་ སྐོར་རྒྱབ་ཐོག་ ལཱ་འབད་དགོཔ་ལས་ ལས་བྱེདཔ་ངོ་མ་༦༠ དེ་ཅིག་ དགོཔ་འཐོན་འོང་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment