གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་གི་ ཕན་གནོད་སྙན་ཞུ་མེདཔ།

༡༧/༨/༢༠༡༢   ༉ འདས་པའི་རེས་གཟའ་ལྷགཔ་ལུ་ རྐང་འགྲུལ་པའི་ཉིནམ་ བརྩི་སྲུང་འབད་དེ་ ཚར་༡༠ སོང་ཡོདཔ་ཨིན་རུང་ ཉིནམ་དེ་ནང་ སྣུམ་འཁོར་གྱི་ ལག་ལེན་མར་ཕབ་འབད་ཡོད་མི་དེ་གིས་ བཙོག་རླུང་མར་ཕབ་ལུ་ ལྷན་ཐབས་ག་དེ་སྦེ་ བྱུང་ཡོདཔ་ཨིན་ནའི་སྐོར་ སྙན་ཞུ་ཅིག་ཡང་ མེདཔ་ཨིན་པས།


མ་གཞི་ འདས་པའི་རྐང་འགྲུལ་པའི་ ཉིནམ་ཚུ་གི་སྐབས་ལུ་ སྣུམ་འཁོར་ལག་ལེན་ ཉུང་སུ་ཅིག་ལས་མེད་མི་དེ་གིས་ མཐའ་འཁོར་གྱི་གནས་སྟངས་ལུ་ ཕན་ཐབས་ཡོད་མེད་ཀྱི་ ཞིབ་འཚོལ་སྙན་ཞུ་ཅིག་ འདས་པའི་ཟླཝ་ནང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཕུལ་ཡོད་རུང་ བཙོག་རླུང་མར་ཕབ་ཀྱི་སྐོར་ གསལ་བཀོད་འབད་འབདཝ་ མེདཔ་ཨིན་པས།
རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་ལས་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཞིབ་འཚོལ་གྱི་སྙན་ཞུ་ ཚུལ་མཐུན་བཀོད་ནི་གི་དོན་ལུ་ ས་སྣུམ་བཀྲམ་སྤེལ་ཁང་ཚུ་ནང་ལས་ མར་ཁུ་ལག་ལེན་ག་དེམ་ཅིག་ མར་བབས་སོང་ནུག་ག་ གནས་སྡུད་བསྡུ་སྒྲིག་འབད་དགོཔ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྐང་འགྲུལ་པའི་ཉིནམ་ འགོ་མ་བཙུགས་པའི་ཧེ་མའི་ ཟླཝ་༢ དང་ རྐང་འགྲུལ་པའི་ཉིནམ་ འགོ་བཙུགས་པའི་ཤུལ་ལས་ ཟླཝ་༢ ཀྱི་ ས་སྣུམ་ལག་ལེན་ གནས་སྡུད་ཚུ་ ཐིམ་ཕུའི་ས་སྣུམ་བཀྲམ་སྤེལ་ཁང་༣ གྱི་གྲས་ལས་༢ ཀྱི་ནང་ལས་ བསྡུ་ལེན་འབད་ཡོདཔ་ཨིན་རུང་ དམ་ཅན་ས་སྣུམ་བཀྲམ་སྤེལ་ཁང་ལས་ མ་ཐོབ་པར་ ཡོད་ཟེར་ཨིན་པས།
ཨིན་རུང་ གནམ་གཤིས་འགྱུར་བགྲོད་སྡེ་ཚན་ལུ་ སྙན་ཞུ་ཅིག་ཕུལ་ཡོདཔ་བཞིན་དུ་ དེ་དང་འཁྲིལ་ བཙོག་རླུང་གི་གནས་ཚད་ ཐོ་བཀོད་འབད་ཚུགས་ཟེར་ ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པས།
གཞུང་གིས་ བཙོག་རླུང་གནས་ཚད་མར་ཕབ་ཀྱི་དོན་ལུ་ བདུན་ཕྲག་ཨ་རྟག་ར་ རེས་གཟའ་ལྷག་པ་དེ་ རྒྱལ་ཡོངས་ རྐང་འགྲུལ་པའི་ཉིནམ་སྦེ་ འགོ་བཙུགས་ཞིནམ་ལས་ མི་མང་ཤོས་ཅིག་གི་དོན་ལུ་ དཀའ་ངལ་ཅན་གྱི་ གཞི་དོན་ཅིག་ལུ་ གྱུར་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ ཉིནམ་དེ་ལུ་ རྒྱབ་སྐྱོར་འབདཝ་ཨིན་པས།
དེ་འབདཝ་ད་ ཉིནམ་དེ་གི་ དམིགས་ཡུལ་ ག་དེ་སྦེ་གྲུབ་དོ་ག་ ཧ་གོ་ནིའི་དོན་ལུ་ ཕན་གནོད་ཀྱི་ གྲུབ་འབྲས་སྙན་ཞུ་ཅིག་ མི་མང་ལུ་ གསལ་སྟོན་འབད་ནི་དེ་ གལ་ཆེ་ཟེར་ ལྟ་རྟོག་པ་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment