གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེལ་ཇི་ཡམ་གྱི་ སྲིད་བློན་འོག་མ་ འབྲུག་ལུ་གཟིགས་སྐོར།

༧/༨/༢༠༡༢   ༉ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བེལ་ཇི་ཡམ་གྱི་ སྲིད་བློན་འོག་མ་དང་ ཕྱི་འབྲེལ་ལས་དོན་དང་ ཕྲི་འབྲེལ་ཚོང་འབྲེལ་ དེ་ལས་ ཡོ་རོ་པི་ཡན་ལས་དོན་གྱི་བློན་པོ་ ཌི་ཌི་ཡར་ རི་ཡེན་ཌི་ཡརསི་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་ཞུ་ཡི།
བེལ་ཇི་ཡམ་གྱི་ སྲིད་བློན་འོག་མ་ ཌི་ཌི་ཡར་ རི་ཡེན་ཌི་ཡརསི་དང་ 
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག།


བེལ་ཇི་ཡམ་གྱི་ སྲིད་བློན་འོག་མ་ ཌི་ཌི་ཡར་ རི་ཡེན་ཌི་ཡརསི་དེ་ ཉིན་གྲངས་༤ གི་རིང་ གཟིགས་སྐོར་འབད་ནིའི་དོན་ལུ་ ཁ་ཙ་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས།
འབྲུག་དང་ བེལ་ཇི་ཡམ་གྱི་བར་ན་ གཞུང་འབྲེལ་གྱི་ ཕྲི་འབྲེལ་དོན་གཅོད་དེ་ སྤྱི་ལོ་༢༠༠༩ གི་ ཟླཝ་དང་པའི་ནང་ འགོ་བཙུགས་ཡོདཔ་ཨིན་པས།
བློན་ཆེན་མཆོག་གིས་ གསུངས་མིའི་ནང་ བེལ་ཇི་ཡམ་གྱི་ སྲིད་བློན་འོག་མ་གིས་ བདུན་ཕྲག་འདི་ནང་ འབྲུག་ལུ་ ལྟ་སྐོར་གནང་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་ཟེར་ཨིནམ་ལས་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་ བཟོ་ཚུགས་ཟེར་ཨིནམ་ད་ འབྲུག་དང་ བེལ་ཇི་ཡམ་གྱིས་ རྒྱལ་སྤྱིའི་གྲོས་འཛོམས་ལེ་ཤ་ཅིག་ནང་ ཨ་རྟག་ར་ མཉམ་འབྲེལ་འབད་ཡོདཔ་མ་ཚད་ གནད་དོན་ལེ་ཤ་ཅིན་ནང་ གཅིག་མཐུན་བྱུང་སྟེ་ ཡོད་ཟེར་ཨིན་པས།
དབུ་ཁྲིད་༢ ཀྱིས་ འབྲུག་གི་གོང་འཕེལ་གཞི་རྩ་དང་ ཡུན་བརྟན་དགའ་སྐྱིད་ཀྱི་ཐོག་ལུ་ གོང་འཕེལ་གྱི་ དཔེ་མཚོན་གསརཔ་ཚུ་གི་ཐོག་ལུ་ གསུང་གྲོས་གནང་ཡོདཔ་མ་ཚད་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཉེན་སྲུང་ཚོགས་སྡེའི་ནང་ གཏན་འཇགས་མིན་པའི་ སྡོད་ཁྲི་ནང་ འཛུལ་ཞུགས་ཀྱི་ རེ་འདུན་བཀོད་ཡོདཔ་ཨིན།
སྲིད་བློན་འོག་མ་གིས་ འབྲུག་གི་ ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བློན་པོ་མཁའ་འགྲོ་དབང་ཕྱུག་དང་གཅིག་ཁར་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།
ཌི་ཌི་ཡར་ རི་ཡེན་ཌི་ཡརསི་གིས་ གཞུང་འབྲེལ་ཐོག་ལས་ འབྲུག་ལུ་ བེལ་ཇི་ཡམ་གྱི་ དོན་གཅོད་སྐུ་ཚབ་ལས་ཁང་གི་ སྒོ་འབྱེད་རྟེན་འབྲེལ་བརྩི་སྲུང་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༨ པའི་ཚེས་༨ ལུ་ རྒྱལ་ཁབ་ནང་ལས་ ལོག་འབྱོན་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment