གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཐུག་རྐྱེན་ཉེན་སྐྱོབ་ལུ་ གློ་བུར་གྲོས་འཛོམས་འཚོགས་ཡོདཔ།

༧/༨/༢༠༡༢   ༉ དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མ་ལུ་ འདས་པའི་བདུན་ཕྲག་ཅིག་ནང་ ཨ་ལུ་གཉིས་ལུ་ སྣུམ་འཁོར་གྱིས་ཐུག་རྐྱེན་བྱུང་བའི་ཤུལ་ལུ་ ཨ་ལུའི་ཕམ་དང་ གླ་འཁོར་དེད་གཡོགཔ་ ཁྲིམས་སྲུང་འགག་པ་ཚུ་དང་གཅིག་ཁར་ སློབ་གྲྭ་གིས་ གློ་བུར་གྱི་གྲོས་འཛོམས་ཅིག་ འཚོགས་ནུག།


གྲོས་འཛོམས་ཀྱི་སྐབས་ལུ་ བུམ་ཐང་ཁྲིམས་སྲུང་འགག་པའི་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་ ཨ་ལུ་ཆུང་ཀུ་ཚུ་ལུ་ བསླབ་བྱ་ག་དེ་སྦེ་བྱིན་རུང་ ད་ལྟོ་ར་ བརྗེད་འགྱོ་དོ་ཡོདཔ་ལས་ ཕམ་ཚུ་གིས་ དྲན་ཤེས་ཐེབས་ཅིག་བཏོན་དགོཔ་འདུག་ཟེར་བཤད་ཅི།
ཨ་ལུ་ཚུ་ སློབ་གྲྭ་ནང་འགྱོ་བའི་སྐབས་ དྲོ་པ་ཨ་རྟག་ར་ ཕམ་ཚུ་གིས་ དྲན་ཚོར་ཚར་རེ་འབད་དེ་ བཏང་དགོཔ་དེ་ ག་ནི་བ་ ཁག་ཆེ་ཟེར་ཨིནམ་མ་ཚད་ ཨ་ལུ་ཚུ་ལུ་ ཆང་དང་ རྡོག་མ་གི་རིགས་ ཉོ་བར་གཏང་ནི་ཚུ་ཡང་ ཨ་ལུའི་ཐོབ་དབང་བཅའ་ཁྲིམས་དང་འགལ་བ་ཨིན་ཟེར་ ཁོ་གིས་སླབ་ཨིན་པས།
རྫོང་ཁག་ཤེས་འགོ་དཔོན་ ལམ་གྲགས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུ་ཚུ་ལུ་ རྐྱེན་ངན་བྱུངམ་ད་ ཁོང་འབྲེལ་བ་ཡོད་མི་ཚུ་ལུ་ཡང་ ཚ་གྱང་ཕོག་དོ་ཡོདཔ་ཨིན་རུང་ ཕམ་ཚུ་གིས་འབད་རུང་ འགན་ཁུར་དང་ ཚ་གྱང་ ཐེབས་ཅིག་ར་འབག་དགོཔ་འདུག་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་གྱིས་ དེ་བཟུམ་མའི་རྐྱེན་ངན་དེ་ ག་ལུ་ཡང་ བྱུང་སྲིད་ནི་ཨིནམ་ལས་ ད་ལས་ཕར་ རྐྱེན་ངན་བཀག་ཐབས་འབད་ནིའི་དོན་ལུ་ ཐབས་ཤེས་བཏོན་དགོཔ་ཁག་ཆེ་བས་ཟེར་བཤད་ཅི།
དབུ་འཛིན་གྱིས་ དེ་བཟུམ་མའི་རྐྱེན་ངན་ མི་འབྱུང་ནིའི་དོན་ལུ་ ཐབས་ཤེས་ཁག་༡༢ བཟོ་ཡོད་མི་ཚུ་ དུས་རྒྱུན་ར་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ རྐྱེན་ངན་ཁག་གཉིས་བྱུང་མི་དེ་ལུ་ སེམས་ཕམ་བྱུང་ཡི་ཟེར་བཤད་ཅི།
སློབ་གྲྭ་གིས་ ཐབས་ཤེས་སྣ་ཚོགས་བཏོན་ཡོད་མི་ཚུ་གི་གྲས་ལས་ གཅིག་ དྲོ་པ་ཨ་རྟག་ར་ ཨ་ལུ་སྦོམ་ཚུ་གིས་ སྐོར་རྒྱབ་ཐོག་ལས་ སློབ་གྲྭའི་ ཉེ་འདབས་ས་ཁོངས་ཚུ་ནང་ལུ་ ཁྲིམས་སྲུང་འགག་པའི་ བརྡ་སྟོན་སྒྲིག་བགོ་གྱོན་ཐོག་ལས་ སློབ་ཕྲུག་ཨ་ལུ་ཆུང་ཀུ་ཚུ་ བདག་འཛིན་འབད་ས་མཐོངམ་ཨིན་པས།
སློབ་གྲྭའི་ཉེ་འདབས་ལུ་ འཁོར་ལམ་རྒྱ་ཆུང་ཀུ་ཡོདཔ་ལས་ རྐྱེན་ངན་བཀག་ཐབས་ལུ་ རྐང་ལམ་ཚུ་ཡང་བཟོ་ཡོད་རུང་ ཕམ་ལ་ལུ་ཅིག་གིས་ ཨ་ལུ་ཚུ་ འཁོར་ལམ་བདའ་སྟེ་ར་ འཁྱིད་འགྱོ་ནི་དེ་གིས་ ཕམ་ཚུ་མེད་པའི་སྐབས་ལུ་ཡང་ ཨ་ལུ་ཚུ་ འཁོར་ལམ་བདའ་སྟེ་འགྱོ་ནིའི་ཤུམ་ཚུད་སོཔ་ལས་ ཐུག་རྐྱེན་གྱི་ཉེན་ཁག་སྦོམ་ཡོད་མི་ལུ་བརྟེན་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོཔ་དེ་ག་ནི་བ་ ཁག་ཆེ་བས་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ སྣུམ་འཁོར་གྱི་འཐུ་བཀོག་མི་ སློབ་ཕྲུག་ཨ་ལུ་གཉིས་ཆ་ར་ ད་ལྟོ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ཨིན་པས།
རྐྱེན་ངན་བཀག་ཐབས་ཀྱི་དོན་ལས་ གྲོས་འཛོམས་འཚོགས་པའི་ཤུལ་ལས་ སློབ་གྲྭའི་ས་ཁོངས་ནང་ ཕམ་ཚུ་གི་ སྣུམ་འཁོར་བཞག་ས་ཚུ་ བཟོ་ནིའི་གྲོས་བཅུད་ བཏོན་ཡོད་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment