གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱ་རོགས་ཨ་ཏ་གི་གྲོས་འདེབས་ ལྷན་རྒྱས་གཞུང་ཚོགས་ལུ་ཕུལ་ནི།

༨/༨/༢༠༡༢   ༉ ཁྲིམས་སྲུང་འགག་པའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ ཁྲིམས་སྲུང་འགག་སྡེ་ནང་ ཨ་ཏ་ཟེར་ དམག་མི་དཀྱུས་མ་ཚུ་ འགོ་དཔོན་ཚུ་གིས་ བྱ་རོགས་སྦེ་ ལག་ལེན་འཐབ་སྲོལ་ཡོད་པའི་ ལམ་ལུགས་དེ་ ཆ་མེད་གཏང་ནི་ཨིན་ཟེར་སླབ་སྟེ་ ལོ་༤ དེ་ཅིག་ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ ལམ་ལུགས་དེ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ནི་ཨིན་ན་ ཡང་ཅིན་ རྩ་མེད་བཟོ་ནི་ཨིན་ན་ མ་ཤེས་པར་ ལུས་ཡོདཔ་ཨིན་པས།


དེ་གི་དོན་ལུ་ འདས་པའི་ཟླཝ་ནང་ ཁྲིམས་སྲུང་འགག་པའི་སྡེ་འཛིན་དང་ ཡིག་ཚང་འགན་འཛིན་པ་ཚུ་གི་ ཞལ་འཛོམས་ཀྱི་སྐབས་ ཚོགས་རྒྱན་ཅིག་ཡང་ བཙུགས་ཡོདཔ་ཨིན་པས།
དེ་ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ ཞལ་འཛོམས་ཐེངས་༢ ཆ་རའི་ནང་ ཚོགས་རྒྱན་རེ་གིས་ ལམ་ལུགས་དེ་ དགོ་ཟེར་བའི་ ཚོགས་རྒྱན་མང་ནུག་ཟེར་གསུངས་ཡི།
ཨིན་རུང་ བྱ་རོགས་ཀྱི་ལམ་ལུགས་དེ་ རྩ་མེད་གཏང་ནི་ཨིན་ན་དང་ ཡང་ཅིན་ དེ་སྦེ་ར་ བཞག་ནི་ཨིན་ན་དེ་ ཁྲིམས་སྲུང་འགག་པའི་ བཀོད་ཚོགས་ཀྱིས་ ལྷན་ཁག་ལུ་ གྲོས་འཆར་ཕུལ་མི་ལུ་ རག་ལས་འོང་ཟེར་ཨིནམ་ད་ གྲོས་འཆར་ཚུ་ ཐོབ་པའི་ཤུལ་ལས་ ལམ་ལུགས་དེ་ལུ་བརྟེན་ ཟད་འགྲོ་ཚུ་ ཐེབས་གནས་འོང་གའི་སྐོར་ལས་ དངུལ་རྩིས་ལྷན་ཁག་དང་ གྲོས་བསྟུན་འབད་ཞིནམ་ལས་ ལྷན་རྒྱས་གཞུང་ཚོགས་ནང་ ཕུལ་ནི་ཨིན་ཟེར་ བློན་པོ་གིས་ གསུངསམ་ཨིན་པས།
བློན་པོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་ལུ་ གདམ་ཁ་༣ ཡོདཔ་ད་ དེ་ཡང་ ལམ་ལུགས་དེ་ ཧེ་མ་བཟུམ་སྦེ་ར་ བཞག་ནི་ཨིན་ན་ ཡང་ཅིན་ གཡོག་སྡེ་རྒྱབ་སྐྱོར་འཛིན་སྐྱོང་ གཞི་བཙུགས་འབད་ནི་ཨིན་ན་ ཡང་ཅིན་ འགོ་དཔོན་ཚུ་ལུ་ འཐུས་སྤྲོད་ནི་ཨིན་ན་ཚུ་ ཨིན་ཟེར་ཨིན་པས།
གལ་སྲིད་ གཞུང་གིས་ ད་ལྟོའི་ལམ་ལུགས་དེ་ར་ འཕྲོ་མཐུད་དེ་ ལག་ལེན་འཐབ་དགོཔ་སྦེ་ གྲོགས་ཐག་བཅད་པ་ཅིན་ ཨ་ཏ་ཚུ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ནའི་སྐོར་ལས་ ཁྲིམས་ལུགས་ཚུ་ སྒྲིང་སྒྲིང་བཟོ་དགོཔ་ཡོད་ཟེར་ཨིན་པས།
སྤྱི་ལོ་༢༠༠༠ གི་ བར་སྐབས་ཅིག་ནང་ རྒྱལ་ཡོངས་ཚོགས་འདུའི་སྐབས་ སྤྱི་མི་ཚུ་གིས་ གཞན་མི་དམག་སྡེ་ཚུ་ནང་ རང་ལས་ཆུང་བའི་དམག་མི་ཚུ་ ཨ་ཏ་སྦེ་ ལག་ལེན་འཐབ་པའི་སྐབས་ལུ་ ལོག་སྤྱོད་འབད་བའི་སྐོར་ལས་ ཁ་བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༨ ལུ་ ཁྲིམས་སྲུང་གཙོ་འཛིན་གྱིས་ ཁྲིམས་སྲུང་དཔྱད་ཡིག་གི་སྐོར་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་ གསལ་ཞུ་འབད་བའི་སྐབས་ ད་རེས་ནངས་པ་ ཁྲིམས་སྲུང་འགག་པ་ཚུ་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ ཙང་ཙ་ཡོདཔ་མ་ཚད་ སྦྱོང་བརྡར་འབད་བའི་ཤུལ་ལུ་ འགོ་དཔོན་ཚུ་གི་ ཨ་ཏ་སྦེ་ བཞག་མི་དེ་གིས་ ཁོང་གི་ བསམ་སྤྱོད་ལུ་ གནོད་དོ་ཡོདཔ་ལས་ རྩ་མེད་གཏང་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
དྲག་དམག་ཚུ་ནང་ ཨ་ཏ་ལག་ལེན་འཐབ་ནིའི་ ལམ་ལུགས་དེ་ཡང་ བི་རི་ ཊིཤི་གི་ ལམ་ལུགས་ལུ་ དཔེ་ལྟ་སྟེ་ཨིནམ་ད་ བི་རི་ ཊིཤི་གིས་འབད་བ་ཅིན་ ཨ་ཏ་ཚུ་ འགོ་དཔོན་ཚུ་ རྐྱངམ་གཅིག་གི་དོན་ལུ་ བཞེས་སྒོ་འབད་ནི་དང་ ཁོང་གིས་ སྒྲིགས་གོ་ཚུ་ གྲ་གྲིག་བཟོ་མི་ དེ་ལས་ བཀའ་རྒྱ་ཚུ་ བརྡ་སྤྲོད་འབད་མི་སྦེ་ ལག་ལེན་འཐབ་ཨིན་པས།
ཨིན་རུང་ འབྲུག་ལུ་ ཨ་ཏ་ཚུ་གིས་ ཁྱིམ་ནང་གི་ལཱ་འབད་དགོཔ་དང་ འགོ་དཔོན་ཚུ་གི་ ཨ་ལུ་ཚུ་ སློབ་གྲྭ་ནང་བསྐྱལ་དགོཔ་ འགོ་དཔོན་གྱི་ གནསམོ་ཚུ་གི་ ལཱ་འབད་དགོཔ་ ཞིང་དང་ ལྡུམ་ར་ཚུ་ནང་ ལཱ་འབད་དགོ་དོ་ཡོདཔ་ལས་ དེ་ཚུ་ དམག་མི་དཀྱུས་མ་ཚུ་གི་ རེ་འདོད་ལས་ འགལ་བ་ཅིག་ཨིན་པས།
བློན་པོ་མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ རྒྱལ་ཁབ་ནང་ ཁྲིམས་སྲུང་འགོ་དཔོན་ཚུ་གིས་ ཨ་ཏ་ལག་ལེན་འཐབ་ནིའི་ ལམ་ལུགས་དེ་ ཡུན་རིངམོ་སོང་ཡོདཔ་ལས་ ད་རེས་ ཆ་མེད་གཏང་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིན་རུང་ ཁོ་གིས་འབད་བ་ཅིན་ ཨ་ཏ་ཚུ་ བཟའ་ཚང་རང་དང་གཅིག་ཁར་མེད་པའི་ འགོ་དཔོན་ཚུ་རྐྱངམ་གཅིག་ལུ་མ་གཏོགས་ གཞན་ལུ་ དགོཔ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ལཱ་འབད་མི་ མང་ཤོས་ཅིག་ར་ འགོ་དཔོན་གཞོནམ་དང་ གསརཔ་ཚུ་འབད་ནི་དེ་གིས་ ཁོང་ལུ་ བཟའ་ཚང་ཡང་ མེད་པའི་ཁར་ ཁྱིམ་ནང་ ལྟོ་འབད་མི་དང་ སྒྲིགས་གོ་བཟོ་མི་ཅིག་ཡང་ མེད་པ་ཅིན་ དེ་གིས་ ཁོང་གི་ ལཱ་གི་གྲུབ་འབྲས་ལུ་ གནོད་འོང་ཟེར་ བློན་པོ་གིས་གསུངས་ཡི།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གལ་སྲིད་ ཨ་ཏ་ལག་ལེན་འཐབ་ནིའི་ལམ་ལུགས་དེ་ རྩ་མེད་གཏང་རུང་ ཁོང་ལུ་ མ་བཏུབ་མེད་ཟེར་ཨིནམ་ད་ ཁྲིམས་སྲུང་འགག་སྡེའི་ མགྲིན་ཚབ་ཀྱིས་འབད་བ་ཅིན་ ཁོང་གིས་ གྲོས་འཆར་ཚུ་ འདས་པའི་ཟླཝ་ནང་ ནང་སྲིད་ལྷན་ཁག་ལུ་ སྤྲོད་མི་དང་འཁྲིལ་ ལྷན་ཁག་གི་ བཀའ་རྒྱ་ལུ་ བསྒུག་ཏེ་ཡོད་ཟེར་ཨིན་པས།
མགྲིན་ཚབ་ཀྱིས་ སླབ་མིའི་ནང་ ད་རེས་ཁམས་ ཚོགས་རྒྱན་བཙུགས་མི་དེ་ ལམ་ལུགས་དེ་གི་དོན་ལུ་ ཞིབ་འཚོལ་བཟུམ་ཅིག་མ་གཏོགས་ གཞུང་དོན་ཐོག་ལས་མེན་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment