གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་མདའ་རྩེད་འགྲན་བསྡུར་ནང་ བཀག་རེག་མཐོ་ཤོས་ཀྱི་ ཐོ་བཀོད་གསརཔ།

༨/༨/༢༠༡༢   ༉ ད་རེས་ རྩེད་འགྲན་འབད་བའི་བསྒང་ཡོད་མི་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་གྱི་སྐབས་ ཕུན་ཚོགས་གླིང་ལུ་ བུ་ལུ་པ་པི་ལྟ་བཤལ་དང་ལ་བཤལ་སྡེ་ཚན་ལས་ འཇིགས་མེད་ནོར་བུ་གིས་ བསྐོར་ཐེངས་༤༥ འི་ནང་ བཀག་རེག་༤༦ ཕོག་སྟེ་ འདས་པའི་ མདའ་རྩེདཔ་དྲག་ཤོས་ཀྱི་ ཐོ་བཀོད་དེ་ ཆ་མེད་བཏང་ནུག།


ད་རེས་ཚུན་ལུ་ བཀག་རེག་མཐོ་ཤོས་དེ་ སྤྱི་ལོ་༢༠༡༠ ལུ་ རྟ་ལོགཔ་རྣམ་རྒྱལ་དབང་ཕྱུག་གིས་ བསྐོར་ཐེངས་༤༥ འི་ནང་ བཀག་རེག་༤༥ རྐྱབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ད་ལྟོ་ཚུན་གྱི་ ཉིནམ་༡ གི་ བཀག་རེག་མཐོ་ཤོས་དེ་ སྤ་རོ་ལུ་ དཔལ་ལྡན་སྡེ་ཚན་ལས་ ཚེ་རིང་རྡོ་རྗེ་གིས་ སྐོར་ཐེངས་༡༥ འི་ནང་ བཀག་རེག་༡༩ ཕོག་ཡོདཔ་ཨིན་པས།
དེ་ལས་ ད་རུང་ སྤ་རོ་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་སྡེ་ཚན་ལས་ མགོནམ་ཚེ་རིང་གིས་ བསྐོར་ཐེངས་༡༥ འི་ནང་ སྒོར་ཐིག་གུ་ བཀག་རེག་༦ བརྩིས་ཏེ་ བཀག་རེག་༡༦ ཕོག་ཡོདཔ་ད་ ཕུན་ཚོགས་གླིང་ལུ་ བུ་ལུ་པ་པི་སྡེ་ཚན་ལས་ འཇིགས་མེད་ནོར་བུ་གིས་ བསྐོར་ཐེངས་༡༥ འི་ནང་ བཀག་རེག་༡༦ ཕོག་ཡོད་རུང་ སྒོར་ཐིག་གུ་༤ ལས་བརྒལ་མ་ཕོགཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment