གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ གཞང་བཙོང་དང་འབྲེལ་བ་ཡོད་མི་ཨམ་སྲུ་༧ དོ་དམ་འོག་ལུ་བཙུགས་ཡོདཔ།

༨/༨/༢༠༡༢   ༉ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ འདས་པའི་རེས་གཟའ་ཉི་མ་ལུ་  སྤ་རོ་ཚོང་འདུས་ལས་ གཞང་བཙོང་གི་ འབྲེལ་གནད་ལུ་བརྟེན་ ཨམ་སྲུ་༢ འཛིན་བཟུང་འབད་བའི་ཤུལ་ལུ་ ད་རུང་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ཨམ་སྲུ་༤ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ སྨད་བཙོང་དང་འབྲེལ་བའི་གནད་དོན་ནང་ འཛིན་བཟུང་འབད་མི་ ཨམ་སྲུ་ཚུ་ སྐྱེས་ལོ་༢༨ དང་༣༠ དེ་ལས་༣༡ དང་༣༢ ལང་མི་ཚུ་ཨིནམ་ད་ ཨམ་སྲུ་༤ པོ་ཆ་ར་ གཞང་བཙོང་འབད་བའི་ ཉེས་འཛུགས་ཐོག་ འཛིན་བཟུང་འབད་ཡི་ཟེར་ སྤ་རོ་ཁྲིམས་སྲུང་འགག་སྡེའི་ ཨམ་སྲུ་དང་ ཨ་ལུའི་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་གཙོ་འཛིན་ སྤྱི་དཔོན་ཐུགས་རྗེ་གིས་ བཤདཔ་ཨིན་པས།
སྤ་རོ་ཚོང་འདུས་ལུ་ གཞང་བཙོང་དང་འབྲེལ་བའི་འཛིན་བཟུང་ དང་པ་ར་ འདས་པའི་བདུན་ཕྲག་གི་སྔ་ཆ་ལུ་ གསང་བའི་སྙན་ཞུ་ཐོབ་པའི་ཤུལ་ལས་འབད་ཡོདཔ་ད་ དེ་ཡང་ ཁྲིམས་སྲུང་འགག་པ་གིས་ ཚོང་ཁང་ཅིག་ནང་ འཚོལ་ཞིབ་འབད་བའི་སྐབས་ལུ་ སྐྱེས་ལོ་༢༦ འབད་མི་ ཨམ་སྲུ་ཅིག་དང་ སྐྱེས་ལོ་༢༠ ལང་མི་ རྒྱ་གར་གྱི་ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ་མ་ཚད་ སྐྱེས་ལོ་༤༦ ལང་མི་ ཚོང་ཁང་གི་ཇོ་བདག་ ཚོང་པ་ཨམ་སྲུ་དེ་ གཞང་བཙོང་འགོ་འདྲེན་འཐབ་ཡོད་པའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཚོང་པ་ཨམ་སྲུ་དེ་གིས་ གོ་ལའི་ཚོང་ཁང་ཅིག་ བཙུགས་ཡོད་མི་དེ་གི་རྒྱབ་ཁར་ ཁང་མིག་ཅིག་ནང་ གཞང་བཙོང་གི་དོན་ལུ་ ཁང་མིག་ཚར་རེ་ ལག་ལེན་འཐབ་པའི་སྐབས་ གླ་འཐུས་དངུལ་ཀྲམ་༡༠༠ རེ་ལེན་ཡོདཔ་མ་ཚད་ སྨད་ཚོང་འཐབ་མི་ ཨམ་སྲུ་རེ་གིས་ ཕོ་སྐྱེས་ལས་ དངུལ་ཀྲམ་༢༠༠ རེ་ ལེན་ཏེ་སྡོད་ནུག་ཟེར་ སྤྱི་དཔོན་ཐུགས་རྗེ་གིས་ བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཚོང་ཁང་དེ་ནང་ལས་ ཚུལ་མཐུན་ཐོག་ ནང་འདྲེན་འབད་ཡོད་པའི་ ཏམ་ཁུའི་རིགས་ ལེ་ཤ་ཅིག་ར་ འཕྱོག་བཟུང་འབད་ཡོདཔ་ད་ གཞང་བཙོང་གི་ལཱ་འབད་མི་ ཨམ་སྲུ་༥ གི་གྲས་ལས་༢ རྨགཔ་ཡོད་མི་ཨིན་པའི་ཁར་ ཨམ་སྲུ་༤ ལཱ་གཡོག་མེད་མི་དང་༡ ལས་མི་སྦེ་ ལཱ་འབད་སྡོད་མི་ཅིག་ཨིན་མས་ཟེར་ སླབ་ཨིན་པས།
གཞང་བཙོང་གི་ལཱ་འབད་མི་ ཨམ་སྲུ་༥ དང་ གཞང་བཙོང་གི་དོན་ལུ་ ཁང་མིག་བཞག་མི་ ཚོང་པ་ཨམ་སྲུ་ག་ར་ལུ་ ཨ་ལུ་༡ ལས་༣ གྱི་བར་ན་ འདུག་ཟེར་ཨིན་པས།
སྤྱི་དཔོན་ཐུགས་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ཚོང་ཁང་དེ་ འདས་པའི་ཟླཝ་༣ དེ་ཅིག་གི་རིང་ ལྟ་རྟོག་ཐོག་ལུ་ བཞག་ཡོདཔ་བཞིན་དུ་ ལྟ་རྟོག་གི་སྐབས་ ཚོང་ཁང་ནང་འོང་མི་ སླབ་ཕྲུག་ཨ་ལུ་དང་ དགེ་སློང་ དེ་ལས་ རྒྱ་གར་གྱི་ ལས་མི་ཚུ་དང་ མི་གཞན་ལེ་ཤ་ཅིག་ར་ འོང་ནི་འདུག་ཟེར་ཨིན་པས།
གཞང་བཙོང་མི་དང་ གཞང་བཙོང་ལག་ལེན་འཐབ་མི་ཚུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་བ་ཅིན་ བཙོན་ཁྲིམས་ལོ་༢ དང་༣ གྱི་བར་ན་ ཕོག་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment