གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་དཔོན་སྡེ་ཚན་གྱིས་ གཱོལ་༥ བཙུགས་ཏེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་སྡེ་ཚན་ ཕམ་བཏང་ཡོདཔ།

༡༤/༨/༢༠༡༢   ༉ ད་རེས་ ཐིམ་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་ཆེ་བ་དང་ སེམས་རྟོགས་ཁ་ རྒྱལ་གཞུང་གཙུག་ལག་འཛིན་སྐྱོང་སློབ་སྡེའི་ རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལས་ཁུངས་ཚུ་གི་བར་ནའི་ ཕུཌ་བཱོལ་རྩེད་འགྲན་ནང་ ཁ་ཙ་  ཤེས་རིག་ལས་ཁུངས་ལས་ སློབ་གྲྭའི་སློབ་དཔོན་ཚུ་གིས་ གཱོལ་༥ བཙུགས་ཏེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་སྡེ་ཚན་ལས་ རྒྱལ་ཁ་ཐོབ་ཅི།
མུ་ཏིག་ཐང་སློབ་གྲྭ་ཆེ་བའི་ རྩེད་ཐང་ནང་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་།


དེ་བཟུམ་སྦེ་ སེམས་རྟོགས་ཁའི་ རྩེད་ཐང་ནང་ ཌི་ཨེཆི་ཨའི་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཐོག་ལས་ ཤེས་རིག་ལས་ཁུངས་ཀྱི་ རའི་ཌརསི་སྡེ་ཚན་ ཕམ་བཏང་ཡི།
ན་གཞོན་རྩེད་རིགས་ལས་ཁུངས་ལས་ རྩེད་འགྲན་འགོ་འདྲེན་པ་ དམ་ཆོས་འོད་གསལ་གྱིས་ སླབ་མི་དང་འཁྲིལཝ་ད་ དུས་ཅི་གི་  རྩེད་འགྲན་དེ་ དབང་འདུས་ཕོ་བྲང་རྫོང་གཞིས་ ལོག་བསྐྱར་བཞེངས་འབད་ནིའི་དོན་ལུ་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ དམིགས་ཏེ་ ཨིན་ཟེར་ཨིན་པས།
རྩེད་འགྲན་དེ་ནང་ སྡེ་ཚན་༣༢ ཀྱིས་ བཅའ་མར་གཏོགས་དོ་ཡོདཔ་ད་ སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༨,༥༠༠ རེ་འབདཝ་ད་ ཡོངས་བསྡོམས་ དངུལ་ཀྲམ་༢,༧༢,༠༠༠ བསྡུ་ལེན་འབད་ཡོདཔ་ཨིན་པས།
ཨིན་རུང་ རྩེད་འགྲན་པ་ཚུ་ལུ་ གསོལ་རས་ཚུ་ བྱིན་པའི་ཤུལ་ལུ་ ལྷག་ལུས་དངུལ་ཀྲམ་ཚུ་ རྫོང་བསྐྱར་བཞེངས་ཀྱི་དོན་ལུ་ ཕུལ་ནི་ཟེར་ འགོ་འདྲེན་པ་གིས་ བཤདཔ་ཨིན་པས།
ད་རིས་ སེམས་རྟོགས་ཁ་ལུ་ རྒྱལ་གཞུང་གཙུག་ལག་སློབ་སྡེ་འཛིན་སྐྱོང་སྤེལ་ཁང་གི་ བརྡ་དོན་དང་བརྒྱུད་འབྲེལ་སྡེ་ཚན་དང་ ཤེས་རིག་ལྷན་ཁག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་དང་ མུ་ཏིག་ལ་ཐང་ལུ་ འབྲུག་རྒྱལ་ཡོངས་དངུལ་ཁང་དང་ བསྟན་རྒྱས་ལྷན་ཁག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པས།
ལས་ཁུངས་ཁག་གི་ ཕུཌ་བཱོལ་རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༡༡ ལས་ འགོ་བཙུགས་ཡོདཔ་ད་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment