གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ།

༡༡/༨/༢༠༡༢   ༉ ཁ་ཙ་ པཱན་སྦང་གི་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༢༠ དང་༢༧ གྱི་བར་ན་འབད་མི་ ཕོ་སྐྱེས་༢ ཀྱིས་ སྣུམ་འཁོར་ཊི་པར་ཊཱག་ཅིག་གི་ འཁོར་ལོའི་རླུང་མ་ བཏོན་བཏང་པའི་ དོགས་པ་ལུ་བརྟེན་ འཛིན་བཟུང་ འབད་ཡོདཔ་ཨིན་པས།


གནས་ཚུལ་བཤད་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ ཁ་ཉིནམ་ཕྱི་རུ་ཁམས་ཅིག་ཁར་ པཱན་སྦང་ལས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ འགྱོ་དགོ་པའི་ས་གནས་ མ་རང་ག་ལུ་ སོ་ནམ་ཞིང་ལམ་ བཏོན་པའི་བསྒང་ཡོད་མི་ནང་ བྱུང་ཡོདཔ་ཨིན་པས།
སྣུམའ་ཁོར་དེ་ སོ་ནམ་ཞིང་ལམ་བཟོ་སྐྲུན་འབད་མི་ གདུང་དཀར་ལས་སྡེ་གི་ཨིནམ་ད་ དོགས་ཅན་ཕོ་སྐྱེས་༢ ཡང་ ལས་སྡེ་དེ་གི་ ས་རྐོ་འཕྲུལ་ཆས་ཀྱི་ དེད་གཡོག་པའི་ ལས་རོགསཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ བྱུང་རྐྱེན་དེ་གི་སྐོར་ལས་ དེད་གཡོགཔ་ཁོ་ར་གིས་ སྙན་ཞུ་འབད་ཡོདཔ་ད་ ཁོང་༢ ལུ་ དོགས་པ་ཆགས་མི་དེ་ཡང་ སྣུམ་འ་ཁོར་དེད་གཡོགཔ་དེ་ དེ་ཚེ་ཉིན་མ་ པཱན་སྦང་ལུ་ ཏི་རུ་བཏོན་པར་འགྱོ་བའི་ལམ་ཁར་ དོགས་ཅན་༢ ཕྱད་ཡོདཔ་ཨིན་པས།
ཞིབ་དཔྱད་འབད་བར་འགྱོ་མི་ ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་གྱི་འཁོར་ལོ་༦ ཡོད་མི་ལས་ ༤ གི་ རླུང་མ་བཏོན་བཏང་ནུག་ཟེར་ཨིནམ་ད་ པཱན་སྦང་ལུ་ སྣུམ་འ་ཁོར་བཅོ་ཁང་མེདཔ་ལས་ ཉེ་འདབས་ཀྱི་བཅོ་ཁང་དེ་ པཱན་སྦང་ལས་ ཀི་ལོ་མི་ཊར་༥༢ གི་ས་ཁར་ཡོད་མི་ རྒྱ་གར་གྱི་ས་གནས་ བར་པི་ཊ་ལུ་ ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment