གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོག་ཐམ་མེད་པར་ ཚོད་བསྲེ་བཙོང་མི་ལུ་ཉོགས་བཤད།

༡༡/༨/༢༠༡༢   ༉ བུམ་ཐང་གི་ ཚོད་བསྲེ་ཚོང་པ་༩ གིས་ ལྕམ་མཁར་ཁྲོམ་ཁ་ལུ་ཚོད་བསྲེ་བཙོང་ནི་གི་ ཆོག་ཐམ་མེད་མི་ཚུ་གིས་ ཚོད་བསྲེ་བཙོང་མི་ལུ་ ཉོགས་བཤད་ཚུ་ བཀོདཔ་ཨིན་པས།

བུམ་ཐང་ལྕམ་མཁར་གྱི་ ཚོད་བསྲེ་ཁྲོམ།

དེ་ཡང་ ཚོད་བསྲེ་བཙོང་མི་ སངས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲལ་ཁམས་ཅིག་ལས་ ཁྲོམ་ཁར་ཡོད་མི་ སྣ་ཚོགས་ཚོང་ཁང་ཚུ་གིས་ཡང་ ཚོད་བསྲེ་བཙོང་ནི་ འགོ་བཙུགས་ཏེ་འདུག་ཟེར་ཨིན་པས།
ལྕམ་མཁར་ཁྲོམ་ མེ་གིས་འཚིགས་པའི་ཤུལ་ལས་ ས་ཆ་བགོ་བཀྲམ་འབད་བའི་སྐབས་ ཚོད་བསྲེ་ཚོང་པ་༤ གིས་ ད་ལྟོ་ཡོད་མི་ ས་ཁོངས་དེ་ འདམ་རྫབ་སྦེ་ཡོད་ནི་དེ་གིས་ དེ་ནང་ཚོད་བསྲེ་ མི་བཙོང་ཟེར་ ས་ཁོངས་གཞན་ཁར་ སྤོ་བཤུད་འབད་ཡོད་རུང་ འཕྲལ་ཁམས་ཅིག་ཁར་ ཁོང་གིས་ཡང་ བཙོང་ནི་འགོ་བཙུགས་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་ ས་ཆ་བགོ་བཀྲམ་འབདཝ་ད་ ཁྲིམས་ལུགས་སྒྲིང་སྒྲིང་བཟོ་སྟེ་ཡོདཔ་ལས་ ད་ལྟོ་ཡོད་མི་ ཚོད་བསྲེ་བཙོང་ས་དེ་ བུམ་ཐང་གི་ སོ་ནམ་པ་ཚུ་གིས་ ནང་འཁོད་ལས་ཐོན་མི་ ཚོད་བསྲེ་ཚུ་ བཙོང་ནི་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ རྫོང་ཁག་གཞན་ཁའི་ མི་ཚུ་གིས་མ་ཚད་ བུམ་ཐང་གི་ ཆོག་ཐམ་མེད་མི་ཚོང་ཚུ་གིས་ཡང་ དེ་ཁར་ བཙོང་ནི་དེ་གིས་ ཁོང་གི་ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོད་བསྲེ་བཙོང་མི་ རིན་ཆེན་སྒྲོལ་མ་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་མི་༩ གིས་ ཁྱིམ་ནང་སྦེ་ བཙོང་དོ་ཡོདཔ་ད་ དེ་ཡང་ ཆོག་ཐམ་མེད་པའི་ཁར་ གནང་བ་མེད་པར་ ཨ་རྟག་ར་ ཕྱི་ཁར་ཡོད་མི་ བཙོང་ས་ནང་བཙོང་པའི་སྐབས་ མི་ཚུ་གིས་ ཕྱི་ཁར་བཙོང་མི་དེ་ བུམ་ཐང་ནང་འཁོད་ལས་ ཐོན་མི་ཨིན་མས་མནོ་སྟེ་ དེ་ཁར་ཉོཝ་མས་ཟེར་ཨིན་པས།
དེ་འབདཝ་ལས་ མོ་གིས་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཕྱི་ཁར་བཙོང་མི་ཚུ་ལུ་ ཨ་རྟག་ར་མེན་པར་ བདུན་ཕྲག་རེ་ནང་ སྐོར་རྒྱབ་ཐོག་ལས་ བཙོང་ནི་གི་ ལམ་ལུགས་བཟོ་རུང་ བཏུབ་ནི་མས་ཟེར་ཨིན་པས།
ཨར་ཨེན་ཚོང་ཁང་གི་ཇོ་བདག་ ཀརྨ་གིས་ཡང་ ཕྱི་ཁར་བཙོང་མི་ཚོང་པ་ཚུ་ལྷོད་པའི་ཤུལ་ལས་ ཁོང་གི་ཚོང་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲོམ་སྡེའི་འཐུས་མི་ ཀརྨ་ལེགས་ལྡན་གྱིས་འབད་བ་ཅིན་ ཁྲིམས་ལུགས་ཚུ་ ཧིང་སང་ས་ཡོད་རུང་ ཧེ་མ་ མི་བཙོང་ཟེར་སླབ་མི་ཚུ་གིས་ཡང་ ཤུལ་ལས་ བཙོང་ནི་འགོ་བཙུགས་ཡོདཔ་ལས་ རྫོང་ཁག་ནང་ ཁྱིད་དགོཔ་ བྱུང་ཡི་ཟེར་ཨིན་པས།
ཚོང་པ་ལ་ལུ་ཅིག་གིས་ ཕྱི་ཁར་ཚོད་བསྲེ་བཙོང་མི་ཚུ་གིས་ ཕྱགས་སྙིགས་ཚུ་ ཉེ་འདབས་ལས་ཕར་ བཀོ་དོ་ཡོདཔ་ལས་ ཁམས་ལོག་སི་སི་བཟོཝ་མས་ཟེར་ཨིནམ་ད་ འབྲེལ་ཡོད་དབང་འཛིན་གྱིས་ ལྟ་རྟོག་འབད་དགོཔ་འདུག་ཟེར་ བཤད་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment