གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་༢ སྲིད་ཚོགས་ནང་ འབྲེལ་གཏོགས་གསལ་སྟོན་འབད་དོན་ལུ་ དུས་ཚོད་འགོར་ནི།

༡༡/༨/༢༠༡༢   ༉ ད་ལྟོ་ དབང་ཚད་ཐོག་ལུ་ཡོད་པའི་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་༢ ཀྱིས་ ཤུལ་མའི་བཙག་འཐུའི་ནང་ འབྲེལ་གཏོགས་འབད་ཆོག་དང་ མི་ཆོག་གི་ མཐའ་བཅད་སྙན་ཞུ་གསལ་སྟོན་འབད་ནི་ལུ་ ད་རུང་ བདུན་ཕྲག་༣ དེ་ཅིག་འགོར་ནི་ཨིན་པས།


བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ སྲིད་ཚོགས་༢ ཀྱིས་ ལྷན་ཚོགས་ལུ་ཕུལ་མི་ གནས་སྟངས་སྙན་ཞུའི་གུ་ བསྐྱར་ཞིབ་ཀྱི་ ལཱ་འབད་ནི་ཚུ་ ད་རེས་ཀྱི་ ཟླ་མཇུག་ལུ་རྐྱངམ་གཅིག་ མཇུག་བསྡུ་ཚུགས་ནི་མས་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ཚོགས་པ་༢ ཀྱིས་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་གནས་སྟངས་སྐོར་ལས་ གསལ་བསྒྲགས་འབད་ཚུགས་ཟེར་ཨིན་པས།
ད་ལྟོ་ བཙག་འཐུ་ལྷན་ཚོགས་ཀྱི་ མི་དམངས་བཙག་འཐུ་མ་དངུལ་སྡེ་ཚན་གྱིས་ སྲིད་ཚོགས་༢ ཀྱིས་ཕུལ་མི་གནས་སྟངས་སྙན་ཞུ་གུ་ བསྐྱར་ཞིབ་ཚུ་འབད་བའི་བསྒང་ར་ཡོདཔ་ད་ དེ་ཡང་དངུལ་འབྲེལ་རྩིས་ཁྲ་དང་ འོང་འབབ་གནས་སྟངས་ འཐུས་མིའི་གནས་སྟངས་ ཚོགས་པའི་ཡིག་ཚང་དང་ ཡིག་ཚང་འཆང་མི་ཚུ་གི་ གནས་སྟངས་སྙན་ཞུ་ཚུ་ བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་པས།
སྙན་ཞུ་དེ་ སྡེ་ཚན་གྱིས་ བསྐྱར་ཞིབ་འབད་ཚར་ཞིནམ་ལས་ ད་རུང་ ལྷན་ཚོགས་ཀྱིས་ ཚར་ཅིག་ བསྐྱར་ཞིབ་འབད་དགོཔ་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གིས་ རང་སོའི་ཚོགས་པའི་གནས་སྟངས་ཚུ་ སྤྱི་ཟླ་༧ པའ་ིཚེས་༡༦ ལུ་ ལྷན་ཚོགས་ལུ་ཕུལ་ཡོདཔ་ད་ སྙ་ཞུའི་ནང་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༣༠ ཚུན་གྱི་ གནས་སྟངས་སྙན་ཞུ་ཚུ་ བཀོད་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ དངུལ་འབྲེལ་བུ་ལོན་ཚུ་བཏབ་ཚར་ཡོདཔ་སྦེ་ བཤདཔ་ཨིན་རུང་་མི་སེར་དམངས་གཙོ་ཚོགས་པ་གིས་ བུ་ལོན་བཏབ་ནི་ཡོད་མི་དེ་ མི་སྡེའི་ནང་ གྲོས་བསྡུར་གྱི་གཞི་གནད་ཅིག་ལུ་ གྱུར་ཡོདཔ་མ་ཚད་ མི་རྗེ་བློན་ཆེན་གྱིས་ཡང་ གོ་སྐབས་ལེན་ཐོག་ལས་ ལྡོག་ཕྱོགས་ཚོགས་པའི་གནས་སྟངས་དེ་ལུ་རྟེན་པའི་ བཙག་འཐུའི་བྱ་རིམ་དང་བསྟུན་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་ཚུགས་ནི་ལུ་ དོགས་པ་ཡོད་ལུགས་ཚུ་བཀོད་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚོགས་པའི་བུ་ལོན་གྱི་ གནས་སྟངས་དེ་ གཙོ་བོ་ར་ ཁྲིམས་འབྲེལ་གནས་སྟངས་ལུ་བརྟེན་ དཀའ་ངལ་བྱུང་ཡོདཔ་མ་གཏོགས་ བུ་ལོན་གྱི་གནས་སྟངས་ཚུ་ སྐྱོ་དྲགས་སྦེ་མེད་ཟེར་ཨིན་པས།
གཙོ་བོ་ར་ ཚོགས་པའི་བུ་ལོན་ རྒྱ་ཆེ་ཤོས་ཅིག་ཨིན་མི་ དངུལ་ཀྲམ་ས་ཡ་༢༠ དེ་ཅིག་ ཚོགས་པའི་ཁྲི་འཛིན་དང་ བློན་པོ་བགྲེསཔ་ སངས་རྒྱས་དངོས་གྲུབ་ཀྱི་ ས་ཆ་གཏའ་མར་བཙུགས་ཏེ་ སྐྱིན་འགྲུལ་ལེན་ཡོད་མི་དེ་ དངུལ་ཁང་གི་ བདག་དབང་ལུ་སོང་ཡོདཔ་བཞིན་དུ་ ས་ཆ་དེ་གི་འགབ་མ་ཚུགས་པའི་ དངུལ་ལྷག་ལུས་ཀྱི་གནད་དོན་སྐོར་ལས་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
ཁྲི་འཛིན་བགྲེསཔ་དེ་ ཚོགས་པའི་གྲས་ལས་ དགོངས་ཞུ་འབད་ཡོདཔ་ལས་ ཚོགས་པའི་མིང་ཐོག་ལུ་ཡོད་པའི་ སྐྱིན་འགྲུལ་གྱི་དོན་ལུ་ ཁོ་གི་ས་ཆ་ དངུལ་ཁང་གི་བདག་དབང་ལུ་སོང་ཡོད་པའི་ རིན་གོང་དེ་ ཚོགས་པའི་ཁྲི་འཛིན་བགྲེསཔ་ལུ་ བཏབ་དགོཔ་སྦེ་ རྩིས་དེབ་ནང་ ཚུད་ནུག་ཟེར་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment