གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་པའི་བཙག་འཐུ་ ལན་ཐེངས་༣ འབད་རུང་ ས་སྟོང་༡ ལུས་ཡོདཔ།

༡༡/༨/༢༠༡༢   ༉ པདྨ་དགའ་ཚལ་རྫོང་ཁག་ནང་ ས་གནས་གཞུང་གི་ བཙག་འཐུ་ལན་ཐེངས་༢ འགོ་འདྲེན་འཐབ་པའི་སྐབས་ ཚོགས་པ་༦ བཙག་འཐུ་གྲུབ་མ་ཚུགས་པར་ ས་སྟོང་ལུས་མི་ཚུ་གི་དོན་ལུ་ ཁ་ཙ་ བཙག་འཐུ་འབདཝ་ད་ ཚོགས་པ་༥ བཙག་འཐུ་གྲུབ་ནུག།


དེ་འབདཝ་ད་ ནོར་བུ་སྒང་རྒེད་འོག་ ཚེ་གླིང་ཟོར་སྤྱི་འོག་གི་དོན་ལུ་ ཚོགས་པའི་འདེམས་ངོ་མེད་པར་ ས་སྟོང་སྦེ་ར་ ལུས་ཡོདཔ་ཨིན་པས།
ཕྱི་མོང་རྒེད་འོག་ ཕྱི་མོང་སྤྱི་འོག་ལས་ སྐྱེས་ལོ་༣༧ ལང་མི་ ཆོས་ཀྱི་དབང་ཕྱུག་གིས་ ཚོགས་རྒྱན་༣༡ ཐོབ་སྟེ་ ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་གིས་ ཚོགས་རྒྱན་༢༧ ཐོབ་ཡོདཔ་ཨིན་པས།
ཆོས་ཀྱི་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ བཙག་འཐུ་ཐེངས་༢ པའི་ནང་ བཅའ་མར་གཏོགས་ཡོད་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོ་གི་པར་དང་ དོ་འགྲན་པ་གཞན་དང་ ངོ་འཛོལ་སོཔ་ལས་ རྒྱལ་ཁ་ཐོབ་མ་ཚུགས་ཟེར་ཨིན་པས།
ད་རིས་ ང་གིས་ བཙག་འཐུའི་ནང་ ནན་བསྐྱར་དུ་ བཅའ་མར་གཏོགས་དགོ་མི་དེ་ཡང་ མི་སེར་ཚུ་གིས་ ང་ལུ་ ཚོགས་པའི་འགན་ཁུར་འབག་ནི་གི་ ལྕོགས་གྲུབ་ཡོདཔ་ལས་ འབྲེལ་གཏོགས་འབད་དགོ་ཟེར་ ནན་བསྐུལ་འབད་མི་ལུ་བརྟེན་ཨིན་ཟེར་ ཆོས་ཀྱི་དབང་ཕྱུག་གིས་ སླབ་ཨིན་པས།
ད་རུང་ ཕྱི་མོང་རྒེད་འོག་ལས་ར་ སྤང་ཐང་ རེད་ལྡིང་ལ་ལས་ ཡེ་ཤེས་རྒྱལ་མཚན་དང་ ཕྱི་ཕོང་སྤྱི་འོག་ལས་ ལྷ་རྗེ་དབང་ཕྱུག་༢ ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ དེ་ཡང་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགསཔ་ད་ ཡེ་ཤེས་རྒྱལ་མཚན་གྱིས་ དགོ་གི་ཚོགས་རྒྱན་༢༩ དང་ མི་དགོ་གི་ཚོགས་རྒྱན་༥ ཐོབ་ཡོདཔ་བཞིན་དུ་ ལྷ་རྗེ་དབང་ཕྱུག་གིས་ ཚོགས་རྒྱན་༢༧ ཐོབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་གིས་ ཚོགས་རྒྱན་༧ མ་གཏོགས་ ཐོབ་མ་ཚུགས་པས།
དེ་ལས་ གདུང་མིན་རྒེད་འོག་ འུན་བོ་རོང་སྤྱི་འོག་གི་དོན་ལུ་ འདེམས་ངོ་ཕུད་རྡོག་གཅིག་ལས་བརྒལ་མེད་མི་ བཀྲིས་རྡོ་རྗེ་གིས་ དགོ་གི་ཚོགས་རྒྱན་༣༢ ཧྲིལ་བུམ་ཐོབ་སྟེ་ ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ བཟོ་བལ་རྒེད་འོག་ མཱན་ཆེན་འཁོར་སྤྱི་འོག་གི་དོན་ལུ་ ནོར་བུ་རིན་ཆེན་དེ་ བཙག་འཐུ་གྲུབ་མི་དེ་ཡང་ ཁོ་གིས་ དགོ་གི་ཚོགས་རྒྱན་༣༠ དང་ མི་དགོ་གི་ཚོགས་རྒྱན་༢༠ ཐོབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment