དེ་ཡང་ རྒྱ་ནག་གི་ ཁ་ཐུག་ལས་ ནངས་པ་ རྒྱལ་ས་ལྟེ་བ་ལུ་ ལྷོད་ནི་ཨིན་མི་ རྒྱ་ནག་ཕྱི་འབྲེལ་ལྷན་ཁག་གི་ བློན་པོ་འོག་མ་ ཨམ་ཕུ་ཡིང་གིས་ འཐུས་མི་༨ འབད་མི་ སྡེ་ཚན་ཅིག་ འགོ་ཁྲིད་ཐོག་ལས་དང་ འབྲུག་གཞུང་གི་ ཁ་ཐུག་ལས་ ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ འགོ་ཁྲིད་འབད་དེ་ གསུང་གྲོས་གནང་ནི་ཨིན་པས།
འབྲུག་གི་འཐུས་མི་སྡེ་ཚན་གྱི་གྲངས་སུ་ རྒྱལ་སྤྱི་ས་མཚམས་དྲུང་ཆེན་ དྲགོས་པདྨ་དབང་ཕྱུག་དང་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་ དེ་ལས་ ཕྱི་འབྲེལ་ལྷན་ཁག་དང་ རྒྱལ་སྤྱི་ས་མཚམས་ཡིག་ཚང་གི་ འགོ་དཔོན་ཚུ་ཡང་ཡོདཔ་ཨིན་པས།
འབྲུག་དང་ རྒྱ་ནག་གི་ ས་མཚམས་གསུང་གྲོས་ཐེངས་༡༩ པ་དེ་ སྤྱི་ལོ་༢༠༡༠ ཟླཝ་༡ པའི་ནང་ ཐིམ་ཕུ་ལུ་ གནང་པའི་ཤུལ་ལུ་ བར་མཚམས་ཀྱི་ ཞལ་འཛོམས་༢ འཚོགས་ཡོད་མི་དེ་ཡང་ མཁས་ཚོགས་ཞལ་འཛོམས་ཐེངས་༣ པ་དེ་ སྤྱི་ལོ་༢༠༡༠ ཟླཝ་༧ པའི་ནང་དང་ ལུགས་ཡངས་ཀྱི་ མཁས་ཚོགས་ཞལ་འཛོམས་ཅིག་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ ཧོང་ཀོང་ལུ་ འཚོགས་ཅི་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།འབྲུག་གཞུང་དང་ རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་ གཞུང་གཉིས་ཀྱི་བར་ན་ ས་མཚམས་གསུང་གྲོས་དེ་ འབྲུག་དང་ རྒྱ་ནག་གི་ ས་མཚམས་བདའ་སྟེ་ ཞི་བདེ་དང་ སྐྱིད་ཧིང་རྒྱུན་སྐྱོང་འབད་ཐབས་ལུ་ སྤྱི་ལོ་༡༩༨༨ དང་ སྤྱི་ལོ་༡༩༩༨ ལུ་བཟོ་མི་ གན་ཡིག་གི་ ལམ་སྟོན་གཞི་རྩ་༤ ལུ་ གཞི་བཞག་སྟེ་ གསུང་གྲོས་གནང་དོ་ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment