གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡང་འཕེལ་གྱི་མདའ་རྩེད་འགྲན་བསྡུར་ ལིག་སྐོར་ཐེངས་ ཁ་ཙ་ མཇུག་བསྡུ་ཡོདཔ།

༡༠/༨/༢༠༡༢   ༉ ཁ་ཙ་ལས་ རྫོང་ཁག་གི་ ལིག་སྐོར་ཐེངས་མཇུག་ར་ ཐིམ་ཕུ་དང་ སྤ་རོ་རྫོང་ཁག་༢ ནང་ལས་མཇུག་བསྡུ་ཡོདཔ་བཞིན་དུ་ སྡེ་ཚན་ཚུ་གིས་ ནོག་ཨའུཊ་རྩེད་འགྲན་ནང་ ལྷོད་ཡོདཔ་ལས་ རྫོག་ཁག་༢༠ འི་རྩེད་འགྲན་ནང་ལས་ བཙག་འཐུ་གྲུབ་མི་ཚུ་གིས་ དོ་འགྲན་འབད་ནི་ཨིན་པས།
བར་སྦིས་ས་ལུ་ ཡུ་ཨེསི་ཌི་གི་རྩེད་འགྲན་པ་ཅིག་གིས་ ཚ་གཏད་པའི་བསྒང་།


ཡོངས་གྲངས་ཅན་གྱི་གཡང་འཕེལ་མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༢༥༢ ཀྱིས་ བཅའ་མར་གཏོགས་མི་ལས་ ནོག་ཨའུཊ་ནང་ སྡེ་ཚན་༦༦ གིས་ ལྷོད་ཡོདཔ་ཨིན་པས།
དེ་ལས་ བཙག་འཐུ་གྲུབ་མ་ཚུགས་མི་ལྷག་ལུས་ སྡེ་ཚན་༡༨༦ ཡོད་མི་ལས་ བཀག་རེག་མཐོ་ཤོས་ཕོག་མི་སྡེ་ཚན་༦ ཡོངས་གྲགས་སླབ་སྲོལ་ལུ་ ཇོ་ཀར་སྡེ་ཚན་ཟེར་མི་གི་གྲས་ལས་ སྡེ་ཚན་༡ པ་དེ་ སྤ་རོ་ལས་ ཨེསི་ཌི་ཀེ་སྡེ་ཚན་གྱིས་ བཀག་རེག་༡༠༨ ཕུན་ཚོགས་གླིང་ལས་ ཀ་བི་ལུང་ཆུ་གིས་ བཀག་རེག་༡༠༦ སྤ་རོ་ལས་ དབང་ཕྱུག་༨ སྡེ་ཚན་གྱིས་ བཀག་རེག་༡༠༤ ཕུན་ཚོགས་གླིང་ལས་ དཀོན་མཆོག་ཚེ་རིང་བཟོ་སྐྲུན་སྡེ་ཚན་གྱིས་ བཀག་རེག་༡༠༣ ཆུ་པིཌ་རི་ལོཌ་གིས་ བཀག་རེག་༡༠༣ དེ་ལས་ སྤ་རོ་ལས་ འབྲུག་ཀེཌསི་སྡེ་ཚན་གྱིས་ བཀག་རེག་༩༦ ཕོག་སྟེ་ ནོག་ཨའུཊ་ནང་ རྩེད་འགྲན་འབད་ནི་ལུ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས།
ནོག་ཨའུཊ་གྱི་རྩེད་འགྲན་ནང་ སྡེ་ཚན་བསྡོམས་ཀྱིས་༧༢ ལྷོད་ཡོདཔ་ད་ སྡེ་ཚན་ཚུ་གི་བར་ན་ ནོག་ཨའུཊ་གི་རྩེད་འགྲན་དེ་ སྤྱི་ཟླ་༨ པའི་ཚེས་༡༡ རེས་གཟའ་ཉི་མ་ལས་འགོ་བཙུགས་ སྤྱི་ཚེས་༡༧ ཚུན་ འབད་ནི་ཨིན་པས།
མདའ་རྩེདཔ་དྲག་ཤོས་ཀྱི་དོན་ལུ་ སྐོར་ཐེངས་༡༥ འི་རྩེད་འགྲན་དེ་ ཚེས་༡༩ རེས་གཟའ་ཟླཝ་ལུ་ འབད་ནི་ཨིན་པས།
ནོག་ཨའུཊ་ལས་ རྒྱལ་ཁ་འཐོབ་མི་སྡེ་ཚན་ཚུ་གིས་ སྤྱི་ཟླ་༨ པའི་ཚེས་༢༡ ལས་༢༣ ཚུན་ ཀོ་ཊར་ཕའི་ནཱལ་གྱི་རྩེད་འགྲན་འབད་ནི་དང་ མཐའ་བཅད་འོག་མའི་རྩེད་འགྲན་དེ་ སྤྱི་ཚེས་༢༥ དང་༢༦ ལུ་འགོ་འདྲེན་འཐབ་ནི་ དེ་ལས་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༩ པའི་ཚེས་༢ ལུ་ འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment