གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འགྲུལ་སྐྱེལ་བཱསི་ཐུག་རྐྱེན་ནང་ མི་༣ ལུ་རྨ་སྐྱོན།

༡༠/༨/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༨ ལུ་ བསམ་གྲུབ་ལྗོངས་མཁར་ལས་ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་འབད་མི་ མི་མང་སྐྱེལ་འདྲེན་བཱསི་དེ་ ཨ་སཱམ་གྱི་ས་གནས་ སཱར་བཱོག་ལུ་ ཐུག་རྐྱེན་ཤོར་མི་ལུ་བརྟེན་ དེ་ནང་ཡོད་པའི་འགྲུལ་མི་༣ ལུ་ གནོད་སྐྱོན་བྱུང་ཡོདཔ་ཨིན་པས།
ཐུག་རྐྱེན་ལུ་བརྟེན་ སཱར་བོག་ལུ་ ལུས་མི་བཱསི།


སཱར་བོག་ས་གནས་དེ་ དགེ་ལེགས་ཕུག་ལས་ བསམ་གྲུབ་ལྗོངས་མཁར་ཁ་མཐུག་ལུ་ ཀི་ལོ་མི་ཊར་༡༢༠ དེ་ཅིག་གི་ ས་གནས་ཁར་ཡོདཔ་ད་ ཐུག་རྐྱེན་ཞུགས་པའི་སྐབས་ལུ་ བཱསི་དེ་ནང་ འགྲུལ་མི་༣༠ ཡོདཔ་ཨིན་པས།
དེད་གཡོགཔ་རྩིས་པའི་ འགྲུལ་མི་༣ ལུ་ རྨ་སྐྱོན་དུམ་གྲྭ་རེ་བྱུང་ནི་དེ་གིས་ སཱར་བཱོག་ གཞུང་གི་སྨན་ཁང་ནང་ སྨན་བཅོས་འབད་དོ་ཡོདཔ་ད་ འགྲུལ་པ་གཞན་མི་ཚུ་ པཱན་སྦང་དང་ དགེ་ལེགས་ཕུག་གི་བར་ནའི་ སྐྱེལ་འདྲེན་བཱསི་དང་ སྣུམ་འཁོར་གཞན་མི་ཚུ་ནང་བཙུགས་ཏེ་ དགེ་ལེགས་ཕུག་ལུ་ བཏང་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ཡོད་པའི་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ སྐྱེལ་འདྲེན་འགོ་དཔོན་ ལོཀ་ནཱཐ་ ཤར་མ་གིས་འབད་བ་ཅིན་ བུམ་པ་སྐྱེལ་འདྲེན་གྱི་ ཨི་ཅར་བཱསི་དེ་གིས་ སྣུམ་འཁོར་ཊག་ཅིག་གི་ རྒྱབ་ཁར་ཕོག་མི་ལུ་བརྟེན་ གདོང་ཁའི་ཤེལ་དང་ སྣུམ་འཁོར་བསྒྱིར་འཕྲུལ་ཚུ་ལུ་ གནོད་སྐྱོན་བྱུང་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་ལས་ གནས་ཚུལ་བཤད་མི་ཚུ་གིས་ འབད་བ་ཅིན་ དེད་གཡོགཔ་དེ་ བཱསི་གི་ འཁོར་ལོ་འོག་ལུ་ ཚུད་སོཔ་ལས་ བཏོན་ཚུགས་ཚུགས་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
སྣུམ་འཁོར་བཱསི་དེ་ བཏང་ར་མ་བཏུབ་ ཐལ་སོང་ནི་དེ་གིས་ ད་ལྟོའི་བར་ན་ཡང་ སཱར་བོག་ལུ་ར་བཞག་ཡོདཔ་ད་ བཱསི་གི་ཇོ་བདག་གིས་ འཕྲལ་མགྱོགས་ར་ ལེན་འབག་དགོཔ་སྦེ་ སླབ་ཅི་ཟེར་ སྐྱེལ་འདྲེན་འགོ་དཔོན་གྱིས་ སླབ་ཨིན་པས།
ལོག་ནཱཐ་ཤར་མ་གིས་ སླབ་མིའ་ནང་ དགེ་ལེགས་ཕུག་ལས་ དྲུང་པ་དང་ ས་མཚམས་གན་འཛིན་པ་༢ ཀྱིས་ རྐྱེན་ངན་ཚུ་ག་དེ་སྦེ་བྱུང་ཡོདཔ་ཨིན་ན་ དབྱེ་ཞིབ་འབད་བར་ སོང་ཡི་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment