གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་འགུལ་ནང་ཚུད་མི་ སའི་ཇོ་བདག་ཅིག་གིས་ ཉོགས་བཤད་བཀོད་པའི་དོགས་པ།

༡༠/༨/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབང་འདུས་རྫོང་ཁག་གི་ མི་སེར་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཐོག་ལས་ ས་ཐེབས་ཐོན་མི་དང་ ས་མེད་མི་ཚུ་ལུ་ སྐྱིད་སྡུག་གནང་བའི་ཤུལ་ལས་ ས་དང་འབྲེལ་བའི་དཀའ་ངལ་རེ་ཡོད་པ་ཅིན་ མི་དབང་མཆོག་ལུ་ ཞུ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
ཐེད་འཚོ་རྒེད་འོག་ཡིག་ཚང་ནང་འཛོམས་མི་ རྒེད་འོག་གི་ མི་སེར་ཚུ།


སྐྱིད་སྡུག་གནང་སྟེ་ ཉིནམ་ནངས་པ་ར་ ཐེད་འཚོ་རྒེད་འོག་ལྟེ་བ་ལུ་ མི་དབང་མཆོག་གིས་ ཕྱག་ཞུ་མི་དང་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ཀྱི་འགོ་དཔོན་ དེ་ལས་ སའི་སྐྱིད་སྡུག་ཐོབ་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ མི་དབང་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ ས་དང་འབྲེལ་བའི་དཀའ་ངལ་དང་ བྱ་སྟབས་མ་བདེཝ་ཚུ་ ཞུ་ནིའི་གོ་སྐབས་གནང་པའི་སྐབས་ ག་གིས་ཡང་ དཀའ་ངལ་ཡོད་པའི་སྐོར་ལས་མ་གོ་བས།
ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ས་དང་འབྲེལ་བའི་དཀའ་ངལ་ དབྱེ་ཞིབ་འབད་མི་ཚོགས་ཆུང་གིས་ མི་སེར་ཚུ་དང་གཅིག་ཁར་ཕྱད་དེ་ དྲི་བཀོད་འབད་བའི་སྐབས་ ཐེད་འཚོ་རྒེད་འོག་གི་ མི་ལ་ལུ་ཅིག་གིས་ ས་སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་ནང་ཚུད་མིའི་ ས་ཚབ་མ་ཐོབ་པའི་ དཀའ་ངལ་དང་འབྲེལ་བའི་ གནད་དོན་ཞུ་ནི་དེ་གིས་ ཚོགས་ཆུང་གི་སྣང་བ་ལུ་ རྫོང་ཁག་བདག་སྐྱོང་དང་ རྒེད་འོག་གིས་ ལཱ་ལེགས་ཤོམ་མ་འབད་བའི་ དོགས་པ་ཆགས་ཡོདཔ་ཨིན་པས།
དེ་འབདཝ་ལས་ དཀའ་ངལ་ཚུ་ ངོས་འཛིན་འབད་ནིའི་དོན་ལུ་ ཁ་ཙ་ ཐེད་འཚོ་རྒེད་འོག་གི་མི་སེར་ཚུ་དང་ རྒཔོ་གིས་གཙོས་པའི་ རྒེད་འོག་གི་འགོ་དཔོན་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་ཐོག་ལས་ ཁྱིམ་གུང་པ་རེ་རེ་བཞིན་དུ་ ལས་འགུལ་ནང་ཚུད་མི་ ས་དང་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་དང་འབྲེལ་བའི་ བྱ་སྟབས་མ་བདེཝ་ཚུ་གི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ ག་གིས་ཡང་ དཀའ་ངལ་མེདཔ་སྦེ་ཨིན་པས།
ཐེད་འཚོ་རྒཔོ་ ཕུར་པ་རྣམ་རྒྱལ་གྱིས་འབད་བ་ཅིན་ རྒེད་འོག་གི་ ཁྱིམ་གུང་པ་༡༦ གི་ས་ཆ་ ལས་འགུལ་ནང་ ཚུད་མི་ལས་༡༥ ལུ་ ས་ཚབ་སྤྲོད་ཚར་ཡོདཔ་ད་ སྟབས་མ་བདེཝ་ར་ གུང་པ་༡ གིས་ ས་ཚབ་ལེན་མ་བཏུབ་མི་དེ་ ཨིན་ཟེར་ཨིནམ་ད་ ས་ཚབ་ལེན་མ་བཏུབ་མི་དེ་ ཞལ་འཛོམས་ནང་ བཅའ་མར་གཏོགས་པར་ མ་འོང་པས་ཟེར་ཨིན་པས།
རྒེད་འོག་ནང་ སའི་སྐྱིད་སྡུག་ཐོབ་མི་ ཁྱིམ་གུང་པ་༩༢ ལུ་ ས་ཨེ་ཀར་༣.༣༥༧ གནང་མི་ལས་ གུང་པ་༡༠ ལུ་ ཁྱིམ་ས་ཨེ་ཀར་༢.༡༤ གནང་ཡོདཔ་ད་ དེ་ལས་ ལྷ་ཁང་དང་ དགོན་སྡེའི་ས་ཐེབས་ཐོན་མི་ལུ་ སྐྱིད་སྡུག་ས་ཆ་ཨེ་ཀར་༥.༣༡༨ དེ་ཅིག་གནང་ཡོདཔ་ཨིན་པས།
དེ་ལས་ གཞུང་ས་ནང་ ཁྱིམ་རྐྱབ་མི་༤༣ ལུ་ ས་ཆ་ཨེ་ཀར་༡༠.༩༢༨ སྐྱིད་སྡུག་གནང་ཡོདཔ་ད་ སྤྱི་ལོ་༡༩༩༩ དང་༢༠༠༠ ལུ་ ས་ཆ་བསྐྱར་འཇལ་འབད་བའི་སྐབས་ གུང་པ་༡༡༤ གིས་ ས་ཐེབས་ཀྱི་འཐུས་ དངུལ་ཀྲམ་འབུམ་༡༦ ལྷགཔ་ཅིག་ ལོག་གནང་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment