གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་ཆེན་ཆོས་གླིང་གི་ཚོང་པ་ཚུ་ ཝང་ཆུའི་མཐའམ་ལས་ མགྱོགས་པ་ར་སྤོ་ཚུགས་པའི་རེ་བ།

༦/༨/༢༠༡༢   ༉ གནམ་བྱཱར་གྱི་དུས་ཚོད་ འ་ནེམ་ཅིག་ཁར་ བདེ་ཆེན་ཆོས་གླིང་ལུ་ བཟའ་ཁང་བཙུགས་སྡོད་མི་ སྐྱེས་ལོ་༥༥ ལང་མི་ བཀྲིས་ཀྱི་ ཁྱིམ་གྱི་རྒྱབ་ཁར་ལས་མར་ ཝང་ཆུ་བྲེས་ཏེ་ ཆུའི་ཚད་གཞི་སྦོམ་འགྱོ་བའི་མཐོང་གསལ་བྱུང་མི་གིས་ ཉིནམ་ཅིག་ དེ་ཁར་ཡོད་པའི་ཁྱིམ་ཚུ་ འཕྱགས་བདའ་ནི་མས་ཟེར་བའི་ ཚ་གྱང་ལངས་ཡོདཔ་ཨིན་པས།


བཀྲིས་དང་ གཞན་མི་བཟའ་ཚང་༢༧ དེ་ཅིག་གི་ ཧེ་མའི་སྡོད་གནས་ས་ཁོངས་དེ་ སྐུ་སྲུང་དམག་སྡེའི་དོན་ལུ་ དགོས་མཁོ་ཐོན་མི་ལུ་བརྟེན་ གཞུང་གིས་ ཁོང་ཆ་ཁྱབ་གནས་སྤོ་སྟེ་ ཝང་ཆུའི་མཐའ་མར་ གནས་སྐབས་ཀྱི་ས་གོ་སྤྲོད་དེ་ བཞག་ཡོདཔ་ལས་ ད་རེས་འབདཝ་ད་ དེ་ཁར་སྡོད་དེ་ ཧ་ལམ་ལོ་༤ ལྷགཔ་ཅིག་སོང་ཡི་ཟེར་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ཚེས་༥ ལུ་ ཁྲོམ་སྡེ་ལས་འཛིན་གྱིས་ ཝང་ཆུ་ལས་ དུམ་གྲ་ཅིག་ ཐག་རིང་བའི་ས་གནས་ཁར་ ས་ཆ་ངོས་འཛིན་འབད་དེ་ སྤྱི་ཟླ་༥ པའི་ནང་ སྟེགས་རྩིག་ཅིག་ཡོད་མི་དེ་ མི་ཊར་༧ དང་༡༠ དེ་ཅིག་རྒྱ་བསྐྱེད་འབད་དེ་ བཟའ་ཚང་རེ་ལུ་ ས་ཆ་ ཌེ་སི་མཱལ་༤.༦ རེ་བྱིན་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
ད་རེས་སྟེགས་རྩིག་དེ་ རྒྱ་བསྐྱེད་འབད་ནི་དང་ སྣུམ་འཁོར་ལམ་གྱི་ དཔག་ཚད་གསརཔ་བཏོན་ནི་གི་ལཱ་ཚུ་ འབད་བའི་ཤུལ་ལུ་ ཉེན་ཁ་ཅན་གྱི་ས་ཁོངས་ནང་ལས་ གནས་སྤོ་ཚུགས་པའི་འོས་འབབ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་སླབ་མིའི་ནང་ སྟེགས་རྩིག་རྒྱ་བསྐྱེད་འབད་དེ་རྐྱབ་ནི་གི་ལཱ་དེ་ འདས་པའི་བདུན་ཕྲག་ནང་ རྗེ་བཙུན་ནོར་བུ་བཟོ་སྐྲུན་ལས་སྡེ་ལུ་ ཁག་འབག་གི་ལཱ་ཚུ་སྤྲོད་ཡོདཔ་ད་ ལཱ་དེ་ ཟླཝ་༣ གྱི་ནང་འཁོད་ལུ་ མཇུག་བསྡུ་དགོཔ་ཨིནམ་ད་ སྣུམ་འཁོར་ལམ་གསར་བཏོན་གྱི་ལཱ་ཚུ་ མཇུག་བསྡུ་ཞིནམ་ལས་ འཕྲལ་མགྱོགས་ར་ བཟའ་ཚང་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་ནི་ཟེར་ཨིན་པས།
བདེ་ཆེན་ཆོས་གླིང་ཁྲོམ་གྱི་ ས་ཁོངས་དང་འབྲེལ་བའི་ ལས་འགུལ་དེ་གི་དོན་ལུ་ མ་དངུལ་ས་ཡ་༩ དེ་ཅིག་ གནས་དོ་ཡོདཔ་ཨིན་པས།
ཁྲོམ་སྡེ་ལས་འཛིན་གྱི་ བཟོ་རིག་འགོ་དཔོན་ བསོད་ནམས་རྒྱ་མཚོ་གིས་སླབ་མིའི་ནང་ ལཱ་གི་ས་ཁོངས་ནང་ ལྟ་རྟོག་ལུ་སོང་བའི་སྐབས་ ཁག་འབགཔ་དེ་གིས་ ལཱ་གི་དོན་ལུ་མཁོ་བའི་ཅ་ཆས་ཚུ་ གྲ་སྒྲིག་འབད་བའི་བསྒང་འདུག་ཟེར་ཨིནམ་ད་ བདེ་ཆེན་ཆོས་གླིང་གི་ ས་གནས་གོང་འཕེལ་ལས་འགུལ་དེ་ དུས་ཅི་སྤྱི་ཟླ་༡༡ པའི་ཚེས་༨ ལུ་མཇུག་བསྡུ་ནིའི་འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།
 

རྩིམ་འབྲི་ལས་བྱེདཔ།

No comments:

Post a Comment