གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཐོ་རིམ་ཤེས་ཡོན་མཐར་འཁྱོལ་མི་ གོམས་འདྲིས་སློབ་སྦྱོང་ནང་བཅའ་མར་གཏོགས་མི་ བརྒྱ་ཆ་༣༥ ཡར་སེང།

༩/༨/༢༠༡༢  ༉ དུས་ཅི་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་སློབ་ཕྲུག་༢,༢༤༦ དེ་ཅིག་གིས་ སྤྱི་ཟླ་༨ པའི་ཚེས་༡༣ ལས་འགོ་བཙུག་ནི་ཨིན་མི་ ཉིནམ་༦ གི་རིང་འགོ་འདྲེན་འཐབ་ནི་ཨིན་མི་གོམས་འདྲིས་སློབ་སྦྱོང་ནང་ བཅའ་མར་གཏོགས་ནི་ཨིན་པས།


གོམས་འདྲིས་སློབ་སྦྱོང་ནང་བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ སློབ་ཕྲུག་༡,༣༢༨ བུཚ་དང་ བུམོ་༩༡༨ དེ་ཅིག་ཡོདཔ་བཞིན་དུ་ འབྲུག་ནང་འཁོད་ལས་མཐོ་རིམ་མཐར་འཁྱོལ་མི་ སློབ་ཕྲུག་༡,༡༥༩ དེ་ཅིག་ཡོདཔ་ད་ ཕྱི་ཁ་ལས་ མཐོ་རིམ་མཐར་འཁྱོལ་ཏེ་འོང་མི་སློབ་ཕྲུག་༡,༠༨༧ ཡོདཔ་ཨིན་པས།
ན་ཧིང་ གོམས་འདྲིས་སློབ་སྦྱོང་ནང་བཅའ་མར་གཏོགས་མི་སློབ་ཕྲུག་༡༦༥༤ དེ་ཅིག་ ཡོད་མི་དང་ཕྱདཔ་ད་ དུས་ཅི་ བརྒྱ་ཆ་༣༥ གིས་ཡར་སེང་སོང་ཡོདཔ་ཨིན་པས།
གོམས་འདྲིས་སློབ་སྦྱོང་ནང་བཅའ་མར་གཏོགས་མི་ལས་ ལཱ་གཡོག་མེད་མི་༡༩༣༢ ཡོད་པའི་ལྷག་ལུས་ཚུ་ ལས་འཛིན་དང་ སྒེར་སྡེ་ཚུ་ནང་ ལཱ་གཡོག་འབད་མི་ཚུ་ ཡོདཔ་ཨིན་པས།
ཕྱི་རྒྱལ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡,༠༨༧ ཡོད་མིའི་གྲས་ལས་ སློབ་ཕྲུག་མང་ཤོས་ར་ རྒྱ་གར་ལས་ མཐར་འཁྱོལ་མི་༡༠,༢༦ ཡོདཔ་ད་ ཐའི་ལེནཌི་ལས་༡༨ ཨསི་ཊེ་ལི་ཡ་ལས་༡༥ ཤྲི་ལངྐ་ལས་༨ བང་ལ་དེཤ་ལས་༦ ཨ་མི་རི་ཀ་ལས་༤ ཨིང་ལེནཌི་དང་ པ་ཀིས་ཏཱན་ ཀེ་ན་ཌ་ཚུ་ནང་ལས་༢ རེ་ཡོདཔ་ཨིན་པས།
དུས་ཅི་གི་ གོམས་འདྲིས་སློབ་སྦྱོང་ནང་ བཅའ་མར་གཏོགས་ནི་ཨིན་མི་ཚུ་ཡང་ སྤྱི་ལོ་༢༠༠༢ དང་༢༠༠༤ དེ་ལས་༢༠༠༧ ལུ་ མཐོ་རིམ་མཐར་འཁྱོལ་མི་༢ རེ་ཡོད་པའི་ཁར་ སྤྱི་ལོ་༢༠༠༥ ལུ་༣ སྤྱི་ལོ་༢༠༠༦ ལུ་༡ སྤྱི་ལོ་༢༠༠༨ ལུ་༡༡ དེ་ལས་ སྤྱི་ལོ་༢༠༠༩ ལུ་༢༠ སྤྱི་ལོ་༢༠༡༠ ལུ་༤༡ སྤྱི་ལོ་༢༠༡༡ ལུ་༡༤༡ ཡོད་པའི་ལྷག་ལུས་༢,༠༢༣ ག་ར་ དུས་ཅི་ལོ་ལུ་མཐར་འཁྱོལ་མི་ཚུ་ཨིན་པས།
མཐོ་རིམ་མཐར་འཁྱོལ་མི་ཚུ་གིས་ ཞི་གཡོག་གི་ སྔོན་འགྲོའི་ཆོས་རྒྱུགས་དེ་ སྤྱི་ཟླ་༨ པིའི་ཚེས༡༡ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྔོན་འགྲོའི་ཆོས་རྒྱུགས་ཀྱི་དོན་ལུ་ སློབ་ཕྲུག་༢,༦༢༣ གྱིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ཞི་གཡོག་ཆོས་རྒྱུགས་ནང་ མཐོ་བཀོད་འབད་མི་༡,༣༠༤ དང་ སྤྱི་ལོ་༢༠༡༡ལུ་༡,༨༥༦ དང་ཕྱདཔ་ད་ དུས་ཅི་བརྒྱ་ཆ་༤༡ གིས་ ཡར་སེང་སོང་ནུག་ཟེར་ཨིན་པས།
ཞི་གཡོག་གི་ས་སྟོང་ཡང་ ན་ཧིང་ ས་སྟོང་༤༥༡ ཡོད་མི་དང་ཕྱདཔ་ད་ དུས་ཅི་ བརྒྱ་ཆ་༣༢ ཡར་སེང་ཡོད་པའི་ གསལ་བསྒྲགས་འབད་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ སློབ་དཔོན་དང་ འཕྲུལ་རིག་མཁས་ཡོན་དང་འབྲེལ་བའི་ ས་སྟོང་ཚུ་ ཡར་སེང་ཡོད་མི་ལུ་བརྟེན་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment