གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཅིག་ ཤི་རྐྱེན་བྱུང་མི་ལུ་ གནོདཔ་བཀལ་བའི་ དོགས་པ་མེདཔ།

༩/༨/༢༠༡༢   ༉ ཕུན་ཚོགས་གླིང་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་སྐྱེས་ལོ་༢༠ ལང་མི་ཅིག་ སྤྱི་ཟླ་༨ པའི་ཚེས་༧ གྱི་དྲོ་པ་ ཁོ་རའི་ཉལ་ཁྲི་གུ་ ཤི་སྟེ་ཡོདཔ་ མཐོང་མི་དེ་ལུ་ མི་གཞན་གྱིས་ གནོདཔ་བཀལ་བའི་ དོགས་པ་མེདཔ་ཨིན་པས།


བྱུང་རྐྱེན་དེ་གི་སྐོར་ལས་ མཐོ་རིམ་སློབ་གྲྭ་གིས་ ཁྲིམས་སྲུང་འགག་པ་ལུ་ དྲོ་པའི་ཆུ་ཚོད་༤ དེ་ཅིག་ཁར་ སྙན་ཞུ་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་ཀྱི་གཟུགས་ཁར་ གདོང་ལེན་འབད་བའི་ བརྡ་མཚོན་གྱི་ ཤུལ་ག་ནི་ཡང་མེདཔ་ལས་ གཞན་ལུ་ དོགས་པ་ཆགས་དགོཔ་མིན་འདུག་ཟེར་ཨིན་པས།
དེ་འབདཝ་ད་ གློག་མེ་བཟོ་རིག་ལོ་ངོ་༢ པའི་ནང་ སློབ་སྦྱོང་འབད་མི་ ཚེ་འདས་སློབ་ཕྲུག་དེ་ ག་དེ་སྦེ་ ཤི་སོཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཧ་གོ་མ་ཚུགས་པར་ ཡོད་པའི་ཁར་ སྨྱོ་རྫས་ཚད་ལས་བརྒལ་སྤྱོད་ཡོད་པའི་ དོགས་པ་ཡོད་མི་དེ་ཡང་ མེནམ་སྦེ་ ཌོག་ཊར་གྱིས་ བཤད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ལས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཁོང་གིས་ རོ་བརྟག་དཔྱད་འབད་ནི་མེདཔ་ལས་ ཚེ་འདས་དེ་ ག་དེ་སྦེ་ ཤི་སོཔ་ཨིན་ན་ ཤེས་ཚུགས་པ་ ལཱ་ཁག་ཡོདཔ་མ་ཚད་ མ་ཤི་བའི་ཧེ་མར་ སྨྱོ་རྫས་སྤྱོད་པའི་ བརྡ་མཚོན་ཡང་མིན་འདུག་ཟེར་ཨིན་པས།
ཁང་མིག་༡ ནང་སྡོད་མི་ ཚེ་འདས་ཀྱི་ ཆ་རོགས་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཚེ་འདས་དེ་ ཁོ་རའི་ སྦྱོང་ལཱ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ ཉལ་ཡོདཔ་ཨིན་རུང་ དེ་ཚེ་དྲོ་པའི་ཆུ་ཚོད་༢ དེ་ཅིག་ཁར་ ཆ་རོགས་དེ་ མ་བདེ་ཁག་ཁ་སྦེ་ ཉལ་སར་མཐོང་སྟེ་ ལེགས་ཤོམ་སྦེ་ ཉལ་ཟེར་སླབ་པ་ འགྱོ་བའི་བསྒང་ལས་ ཚེ་ལས་འདས་སོ་ནུག་ཟེར་ཨིནམ་ད་ ཚེ་འདས་དེ་ ཐིབ་ཐིབ་སྦེ་ སྡོད་མི་ཅིག་ཨིན་ཟེར་ ཁོ་གིས་ སླབ་ཨིན་པས།
བུཚ་དེ་གི་ཕུངམོ་དེ་ ཁོ་རའི་ཕམ་ཚུ་ལུ་ རྩིས་སྤྲོད་ཡོདཔ་ད་ ཚེ་འདས་དེ་ དཔེ་ཆའི་ནང་ ལེགས་ཤོམ་ཡོད་མི་ཅིག་ཨིན་པའི་ཁར་ ཧེ་མར་ སྨྱོ་རྫས་འཐུང་ནི་དང་ བཟའ་སྤྱོད་འབད་བའི་ གནས་ཐོ་མེདཔ་ཨིན་པས།
དེ་བཟུམ་ རྣམ་རྟོག་ལང་སི་སི་སྦེ་ ཤི་རྐྱེན་བྱུང་མི་དེ་ མཐོ་རིམ་སློབ་གྲྭ་དེ་ནང་ དུས་ཅི་ ཐེངས་དང་པ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment