གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ རྒྱ་ནག་གི་ ས་མཚམས་གསུང་གྲོས་ཐེངས་༢༠ པ་ ད་རིས་ གནང་ནི།

༡༠/༨/༢༠༡༢   ༉ འབྲུག་དང་ རྒྱ་ནག་གི་ ས་མཚམས་གསུང་གྲོས་ཐེངས་༢༠ པ་འདི་ ད་རིས་ ཐིམ་ཕུ་ལུ་ གནང་ནི་ཨིན་པས།
དེ་ཡང་ རྒྱ་ནག་ཕྱི་འབྲེལ་ལྷན་ཁག་གི་ བློན་པོ་འོག་མ་ ཨམ་ཕུ་ཡིང་གིས་ འཐུས་མི་༨ འབད་མི་ སྡེ་ཚན་ཅིག་ འགོ་ཁྲིད་འབད་ཐོག་ལས་དང་ འབྲུག་གཞུང་གི་ ཁ་ཐུག་ལས་ ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ འགོ་ཁྲིད་འབད་དེ་ གསུང་གྲོས་གནང་ནི་ཨིན་པས།

བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་དང་ ཕྱི་འབྲེལ་བློན་པོ་འོག་མ་ ཨམ་ཕུ་ཡིང་༢ མཇལ་ཕྲད་གནང་པའི་བསྒང་།


ཁ་ཙ་ འབྲུག་ལུ་ལྷོད་མི་ བློན་པོ་འོག་མ་ ཨམ་ཕུ་ཡིང་གིས་ རྒྱལ་ཡོངས་ཚོགས་ཁང་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་ཞུ་ཡོདཔ་ད་ བློན་པོ་འོག་མ་དེ་ འབྲུག་ལུ་ འགོ་དང་པ་ བྱོན་མི་ལུ་ བྱོན་ལེགས་གནངམ་དང་འབྲེལ་ བློན་ཆེན་མཆོག་གིས་ རྒྱ་ནག་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ མིའི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་སྦོམ་རྐྱབ་མི་དེ་ལུ་ འབྲུག་གི་མི་སེར་དང་ གཞུང་གི་ཁ་ཐུག་ལས་ ཐུགས་ཕམ་ཡོད་ལུགས་ཚུ་ གསུངས་པའི་ཁར་ རྒྱ་ནག་གིས་ རྒྱལ་ཁབ་ཀྱི་ དབུལ་ཕོངས་གནས་ཚད་མར་ཕབ་འབད་ཚུགས་མི་དེ་ལུ་ཡང་ ཐུགས་ངལ་རངས་ཡོད་ལུགས་ གསུངས་ནུག།
བློན་པོ་འོག་མ་ ཕུ་ཡིང་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ཞུ་ཡོདཔ་མ་ཚད་ འབྲུག་གི་གོང་འཕེལ་ལྟ་བ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ གཞི་བཞག་མི་དེ་ རྒྱ་ནག་ལུ་ ཡོངས་གྲགས་འགྱོ་དོ་ཡོདཔ་མ་ཚད་ ཡིད་ཆེས་བསྐྱེད་དོ་ཟེར་ཞུ་ཡི།
མཇལ་ཕྲད་སྐབས་ བློན་ཆེན་དང་ བློན་པོ་འོག་མའི་བར་ན་ གནད་དོན་མང་རབས་ཅིག་གི་སྐོར་ལས་ གསུང་གྲོས་གནང་ཡི་ཟེར་ བློན་ཆེན་ཡིག་ཚང་གི་ བརྡ་བརྒྱུད་སྡེ་ཚན་གྱིས་ གནས་ཚུལ་གསལ་བཏོན་འབད་མིའི་ནང་བཀོད་ནུག།
ཞལ་འཛོམས་ཀྱི་སྐབས་ལུ་  ཕྱི་འབྲེལ་བློན་པོའི་ འགན་འཛིན་པ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ རྒྱལ་སྤྱི་ས་མཚམས་དྲུང་ཆེན་ དྲགོས་པདྨ་དབང་ཕྱུག་ ཕྱི་འབྲེལ་དྲུང་ཆེན་ ཡེ་ཤེས་རྡོ་རྗེ་ཚུ་གིས་ཡང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment