གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་སྐབས་ལག་བཟོ་ཚོང་ཁང་༢ ནང་ལས་ ཨརཝ་ཤོར་ཡོདཔ།

༦/༡༠/༢༠༡༢    ༉ སྤྱི་ཟླ་༡༠ པའི་ཚེས་༢ དང་༣ གྱི་ཕྱི་རུ་ ཐིམ་ཕུ་ཁྲོམ་གྱི་ གནས་སྐབས་ལག་བཟོ་ཚོང་ཁང་༢ ནང་ལས་ ཚོང་ཆས་ཨར་རྐུན་འབད་མི་དེ་ ད་རེས་ནངས་པ་ ཁྲིམས་སྲུང་འགག་པ་གིས་ འཚོལ་བའི་བསྒང་ར་ཡོདཔ་ཨིན་པས།


དེ་ཡང་ ལག་བཟོ་ཚོང་ཁང་གི་ཁྲི་འཛིན་ བསྟན་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨརཝ་རྐུ་མི་ཚུ་གིས་ གནས་སྐབས་ལག་བཟོ་ཚོང་ཁང་གཉིས་ནང་ལས་ གྱོན་ཆས་དཀྱི་ར་ཚུ་ ཨརཝ་བརྐུ་ཞིནམ་ལས་ ཚོད་བསྲེ་ཁྲོམ་གྱི་གདོང་ཕྱོགས་ ཐིམ་ཆུ་ཕར་ཁ་ གོ་ལ་བཙོང་སའི་ ཚོང་དཔོན་གཅིག་ལུ་ བཙོང་ཡོདཔ་ཨིན་པས།
ཨིན་རུང་ ཚོང་དཔོན་དེ་གིས་སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ལས་ གནས་སྐབས་ལག་བཟོ་ཚོང་ཁང་ཚུ་ནང་ལས་ གྱོན་ཆས་ཚུ་ ཨརཝ་ཤོར་བའི་ལོ་རྒྱུས་གོ་ཡོད་ནི་དེ་གིས་ དཀྱི་ར་ཚུ་ དོགས་པ་ཆགས་ཏེ་ ཚོང་ཁང་ཚུ་ནང་ དྲི་བ་སོང་ཡི་ཟེར་ཨིན་མས།
ལག་བཟོ་ཚོང་ཁང་གི་ ཁྲི་འཛིན་བསྟན་རྡོ་རྗེ་གིས་ སླབ་མི་འཁྲིལཝ་ད་ ཨརཝ་བརྐུ་མི་དེ་ ད་རེས་འཕྲལ་ཁམས་ཅིག་ཁར་ བཙོན་ཁྲིམས་ཚང་སྟེ་ ཐོན་འོང་མི་ཅིག་ཨིནམ་ལས་ བྱ་ངན་འབད་མི་དེ་ ཉིནམ་གཅིག་དང་གཉིས་ཀྱི་ནང་འཁོད་ལུ་ར་ བཟུང་ཚུགས་འོང་ཟེར་ཨིན་མས།
སྤྱི་ཟླ་༡༠ པའི་ཚེས་༢ ཀྱི་ ནུབ་མོ་ ཆུ་ཚོད་༢ དེ་ཅིག་ཁར་ སངས་རྒྱས་བཟོ་རིག་ཚོང་ཁང་གྱི་ རྒྱབ་ཁ་ལས་སྦེ་ འཛུལ་ཞིནམ་ལས་ ཚོང་ཁང་ནང་ལས་ ཡོངས་བསྡོམས་ དངུལ་ཀྲམ་སྟོང་ཕྲག་༥༤ དེ་ཅིག་གནས་པའི་ དཀྱི་ར་༤ ཨརཝ་བརྐུ་ཡོདཔ་ཨིན་པས།
ཚོང་ཁང་གི་ཇོ་བདག་ སངས་རྒྱས་ཀྱིས་སླབ་མིའི་ནང་ དངུལ་ཀྲམ་སྟོང་ཕྲག་༢༠ འབད་མི་ ཨོ་ཤོམ་དཀྱི་ར་༢ ལོག་འཐོབ་ཡོད་རུང་ གོང་ཚད་དངུལ་ཀྲམ་༩༠༠༠ དང་༥༠༠༠ འབད་མི་ དཀྱི་ར་གཉིས་ མ་འཐོབ་ཟེར་ཨིན་མས།
ད་རུང་ཚོང་ཁང་གཞན་མི་ནང་ལས་ སྤྱི་ཟླ་༡༠ པའི་ཚེས་༣ གྱི་ནུབ་མོ་ དངུལ་ཀྲམ་སྟོང་ཕྲག་༧༠ དེ་ཅིག་གནས་པའི་ འབུ་རས་དཀྱི་ར་དང་ གསེར་ཤུད་སྐེ་རགས་ཚུ་ འབག་ཡོདཔ་ཨིན་རུང་ དངུལ་ཀྲམ་༡༠༠༠ ཅིག་མ་གཏོགས་ གཞན་ཚུ་ ལོག་ཐོབ་ཡོདཔ་ཨིན་མས།
གནས་སྐབས་ཀྱི་ལག་བཟོ་ཚོང་ཁང་ནང་ དེ་བཟུམ་མའི་ ཨར་རྐུན་གྱི་བྱེལཝ་དེ་ འགོ་དང་པ་མེན་ཟེར་ཨིནམ་ད་ ད་རེས་ཀྱི་བྱ་ངན་འཐབ་མི་དེ་རྩིསཝ་ད་ ལན་ཐེངས་༨ སོང་ཡི་ཟེར་ ཁ་ས་གྲབ་ཅུ་ལས་ ཐང་ཀའི་ཚོང་ཁང་གི་ཇོ་བདག་ ལྷ་སྐྱིད་ཀྱིས་ སླབ་ཨིན་པའི་གནས་ཚུལ།


ནོར་འཛིན་ལྷ་མོ།

No comments:

Post a Comment