གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡུང་རྫོབ་ལུ་བརྟེན་ ཕོ་སྐྱེས་ཅིག་ དྲན་མེད་ཐོག་ སྨན་ཁང་ནང་ཡོདཔ།

༦/༡༠/༢༠༡༢    ༉ ཁ་ཙ་དྲོ་པ་ ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ལུ་ དབང་འདུས་ཕོ་བྲང་ སྦས་གླང་བྲག་ལས་ སྐྱེ་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ དྲན་མེད་ཐོག་ལས་ རྗོང་ཁག་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ རྨ་སྐྱོན་བྱུང་མི་དེ་ ཁོ་རའི་སྐུདཔ་བགྲེསཔ་གིས་ བརྡུང་རྫོབ་འབད་བའི་དོགས་པ་ཡོདཔ་ཨིན་པས།


ཌོག་ཊར་སུ་ནིཏ་ ཀུ་མར་གྱིས་ སླབ་མིའི་ནང་ ཕོ་སྐྱེས་ཀྱི་ མགུ་ཏོ་གུ་ རྨ་ཁ་༢ བཏོན་ཡོད་པའི་ཁར་ རྣམ་ཅོག་གཡོནམ་གི་སྦུག་ལས་ བཀག་བཏང་ནུག་ཟེར་ཨིན་པས།
དེ་མ་ཚད་ མིག་ཏོ་གཡོནམ་གི་ལྟག་ལས་ ལྷ་པའི་སྤྱི་ཏོག་ཚུན་ བཏོག་ཡོདཔ་ད་ ཌོག་ཊར་གྱིས་འབད་བ་ཅིན་ མགུ་ཏོ་ཁར་ རྨ་སྐྱོན་སྦོམ་༩ བཏོན་མི་ལས་ མང་ཤོས་ར་ རིང་ཚད་སེན་ཊི་མི་ཊར་༥ དང་༦ གི་བར་ན་ཡོད་རུང་ ཕོ་སྐྱེས་དེ་གི་ གནས་སྟངས་དེ་ ལེགས་ཤོམ་ཡོདཔ་ལས་ དྲག་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
རྐྱེན་ངན་དེ་ སྤྱི་ཟླ་༡༠ པའི་ཚེས་༤ གི་ ནུབ་མོར་ཆུ་ཚོད་༡༢ དེ་ཅིག་ཁར་ སྦ་ཚ་གཡུས་ཚན་ནང་ བྱུང་ཡོདཔ་ད་ དེ་ཡང་ དོགས་ཅན་ སྐྱེས་ལོ་༣༡ ལང་མི་ ཕོ་སྐྱེས་ཀྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཁོང་༢ ཉིན་མར་ ཀེ་བ་དོས་བཙེམ་ནིའི་ ལཱ་འབད་དེ་ ཕྱི་རུ་ཞག་ དོགས་ཅན་གྱི་ཁྱིམ་ནང་ ཉལ་བར་འགྱོ་བའི་སྐབས་ ཉམས་རྒུད་པ་གིས་ དོན་མེད་ཐོག་ལས་ ཧད་བཏགས་འཚོལ་མི་ལུ་བརྟེན་ ཁོ་གིས་ རྡོ་དང་ འཁརཝ་འཐུ་སྟེ་ མགུ་ཏོ་གུ་ བླུགས་བྱིན་ཡི་ཟེར་ཨིན་པས།
རྨ་བཏོན་མི་ལུ་ ལྟ་བ་ཅིན་ གྱི་ཅུང་ལག་ལེན་འཐབ་པའི་ དོགས་པ་ཡོད་རུང་ ཌོག་ཊར་སུ་ནིལ་གྱིས་འབད་བ་ཅིན་ དངོས་པོ་རྣོས་ཅན་ཅིག་ ལག་ལེན་འཐབ་ཡོདཔ་བཟུམ་འདུག་ཟེར་ཨིན་པས།
ཨིན་རུང་ ཕོ་སྐྱེས་དེ་ དྲན་པ་མ་འོང་ཚུན་ཚོད་ གཏན་འཁེལ་སྦེ་ སླབ་མི་ཚུགས་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
རྐྱེན་ངན་བྱུང་ས་དེ་ དོགས་ཅན་གྱི་ སྦ་སྒོར་ནང་ཨིནམ་ད་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ ཁོ་གིས་ ཉམས་རྒུད་པ་ལུ་ བརྡུང་རྫོབ་འབད་ཡོད་པའི་སྐོར་ དེ་གི་ནངས་པ་དྲོ་པ་ གཡུས་ཁའི་ཚོགས་པ་བགྲེསཔ་ཅིག་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
དོགས་པ་ཅན་དེ་ ཉམས་རྒུད་པའི་ ཨ་ཞེམོ་གྱོངས་མིའི་ རྨགཔ་ཨིནམ་ད་ རྐྱེན་ངན་བྱུང་བའི་སྐབས་ ཁོང་༢ ཆ་ར་ ཆང་འགྲངས་ཡོདཔ་ཨིན་པས།
དབང་འདུས་རྫོང་ཁག་ནང་ བརྡུང་རྫོབ་འབད་བའི་ རྒྱུ་རྐྱེན་ངོ་མ་ཅིག་ ཆང་ལས་བརྟེན་ཨིནམ་ད་ འདས་པའི་ཟླཝ་༣ གྱི་ནང་འཁོད་ལུ་ རྨ་བཏོན་ཁྲག་བཏོན་ཐོག་ སྨན་བཅོས་འབད་མི་༡༠ ཐོ་བཀོད་འབད་ཡོདཔ་ད་ སྤྱི་ཟླ་དང་པ་ལས་ ད་ཚུན་གྱི་བར་ རྨ་སྐྱོན་དུམ་གྲ་རེ་བྱུང་མི་༨༥ ཐོ་བཀོད་འབད་ནུག།
དེ་མ་ཚད་ དུས་ཅིའི་ལོ་ནང་ བརྡུང་རྫོབ་དང་འབྲེལ་བའི་ རྐྱེན་ངན་ལུ་བརྟེན་ མི་༣ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ ཨམ་སྲུ་༡ མོ་རའི་རྨགཔ་གིས་ གྱི་རྐྱབ་སྟེ་ དམར་བསད་འབད་ཡོད་པའི་གནས་ཚུལ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment