གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ ད་རིས་ ཐིམ་ཕུ་ལུ་ལྷོད་ནི།

༦/༡༠/༢༠༡༢

༉ རྒྱ་གར་གྱི་མངའ་སྡེ་ ནུབ་བེང་གཱལ་ལུ་ འགོ་འདྲེན་འཐབ་མི་ ངོ་རྒོལ་འགྲེམ་སྟོན་དེ་ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ ཆ་མེད་བཏང་ཡོདཔ་ལས་ ས་སྣུམ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊཱག་ཚུ་ ད་རིས་ཉིན་མ་ ཐིམ་ཕུ་ལུ་ ལྷོད་ནི་ཨིན་པས།



ངོ་རྒོལ་འགྲེམ་སྟོན་འབད་མི་དེ་ཡང་ རྒྱ་གར་གྱི་ མར་ཁུ་སྐྱེལ་འདྲེན་འབད་མི་ སྐྱེས་ལོ་༤༣ ལང་མི་ ཊཱག་གི་ དེད་གཡོགཔ་ཅིག་གིས་ སྤྱི་ལོ་༢༠༡༡ ཟླ་༦ པའི་ཚེས་༧ ལུ་ བསམ་རྩེ་ལུ་སྦེ་ སྐྱེས་ལོ་༧ ལང་མི་ འབྲུག་པའི་བུཚ་ཅིག་ བསད་པའི་ཤུལ་ལུ་ འབྲུག་པའི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བཞག་མི་དེ་ ལོག་གཏང་དགོཔ་སྦེ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༡ ལས་ འགོ་བཙུགས་མི་ ངོ་རྒོལ་འགྲེམས་སྟོན་དེ་ ཇཱལ་པའི་གུ་རི་ལུ་ཡོད་པའི་ བ་རཱཊི་ས་སྣུམ་ལས་སྡེ་དང་ སི་ལི་གུ་རི་ལུ་ཡོད་པའི་ རྒྱ་གར་ས་སྣུམ་ལས་སྡེ་༢ དང་ ཁག་འབག་ཐོག་ལས་ འབྲུག་ལུ་ ས་སྣུམ་སྐྱེལ་འདྲེན་འབད་མི་ ཚོགས་སྡེ་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེད་གཡོགཔ་དེ་གི་ མཐའ་བསྡོམས་སྙན་གསན་འབད་ནི་ཨིན་མི་ བསམ་རྩེའི་ཁྲིམས་འདུན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྒུད་འཐུས་དངུལ་ཀྲམ་༣༠༠,༠༠༠ དང་ ཁྲིམས་འཐུས་ཚུ་ བཏབ་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ དེད་གཡོགཔ་དེ་གིས་ ཁོ་ལུ་ ཏི་རུ་མེད་ཟེར་ སླབ་མས་ཟེར་ ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment