གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀ་ལ་སྤང་གཡུས་ཚན་ནང་ གནོདཔ་བཀལ་མི་གཟིག་ ཐིམ་ཕུ་ལུ་ འབག་འོང་ཡོདཔ།

༦/༡༠/༢༠༡༢   ༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ ད་ལྟོ་ཚུན་ བྱམོ་དང་ ནོར་ ཕགཔ་ དེ་ལས་ ར་པོད་ཚུ་ལུ་ གནོདཔ་བཀལ་མི་གཟིག་དེ་ གནས་སྟངས་བལྟ་ནིའི་དོན་ལུ་ ཁ་ཙ་ ཐིམ་ཕུ་རྟ་རྦབ་ལུ་ཡོད་པའི་ སེམས་ཅན་བསྐྱར་གསོ་ལྟེ་བའི་ནང་ འབག་འོང་ཡོདཔ་ཨིན་པས།
སྨན་ཁབ་རྐྱབ་སྟེ་ དྲན་མེད་བཟོ་མི་གཟིག་ ལྟ་ཞིབ་འབད་བའི་བསྒང་།


དེ་ཡང་ ད་ལྟོ་ཚུན་ སྒོ་ནོར་སེམས་ཅན་ལེ་ཤ་ཅིག་ལུ་ གནོདཔ་བཀལ་མི་གཟིག་དེ་ མི་སེར་སོ་ནམ་པ་ཅིག་གིས་ ཁོ་རའི་ བྱམོ་ལེ་ཤ་ཅིག་ལུ་ གནོདཔ་བཀལ་མི་ལུ་བརྟེན་ གཟིག་བཟུང་ནིའི་དོན་ལུ་ ཤིང་སྒྲོམ་ཅིག་བཟོ་སྟེ་ གེ་ཟའི་ཞིང་ནང་བཞག་ཡོདཔ་ལས་ སྤྱི་ཟླ་༡༠ པའི་ཚེས་༣ གྱི་ནུབ་མོ་ གཟིག་དེ་ སྒྲོམ་ནང་ཚུད་ཡོདཔ་ཨིན་པས།
ཐིམ་ཕུ་ ནགས་ཚལ་ལས་ཁུངས་ཀྱི་ རི་དྭགས་ཉམས་སྲུང་སྡེ་ཚན་དེ་ མོང་སྒར་ ཀ་ལ་སྤང་གཡུས་ཚན་ནང་ སྤྱི་ཟླ་༡༠ པའི་ཚེས་༤ གི་ ནུབ་མོའི་ཚུ་ཚོད་༡༢ དང་སྐར་མ་༣༥ དེ་ཅིག་ལུ་ ལྷོད་ཡོདཔ་ད་ སྡེ་ཚན་དེ་གིས་ ཆུ་ཚོད་༡ དང་སྐར་མ་༤ དེ་ཅིག་ལུ་ དྲན་མེད་བཟོ་ནི་གི་ སྨན་ཁབ་ལག་ལེན་འཐབ་ཐོག་ལས་ གཟིག་དེ་ ཐིམ་ཕུ་ལུ་ འབག་ནིའི་དོན་ལུ་ ལྕགས་ཀྱི་དྲྭ་མིག་ནང་ བཙུགས་བཞག་མི་དེ་ དུས་ཡུན་ ཆུད་ཚོད་༡ ལངམ་ད་ དྲན་པ་ལོག་ཡོདཔ་ཨིན་པས།
སྡེ་ཚན་གྱི་འགོ་ཁྲིདཔ་ སྒོ་ནོར་ཐོན་སྐྱེད་གཙོ་འཛིན་འགོ་དཔོན་ ཀུན་བཟང་རྒྱལ་མཚན་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ ལྗིད་ཚད་ཀེ་ཇི་༥༠ དེ་ཅིག་དང་ རིང་ཚད་ཕིཊ་༤ དང་ ཨིན་ཅི་༩ འབད་མི་གཟིག་དེ་ སྦོམ་ཚད་ཕིཊ་༢ དང་ མཆེཝ་རིང་ཚད་ཨིན་ཅི་༡ དེ་ཅིག་ མཇུག་མ་རིང་ཚད་ ཨིན་ཅི་༢༢ འདུག་ཟེར་ཨིནམ་ད་ གཟིག་དེ་ ལོ་༦ དང་༨ ཀྱི་བར་ན་འོང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཟིག་དེ་ ད་ལྟོ་ གཞོནམ་འབད་མི་ལུ་བརྟེན་ ཐིམ་ཕུ་ རི་དྭགས་སེམས་ཅན་བསྐྱར་གསོ་ལྟེ་བ་ནང་ སེམས་ཅན་དེ་གི་གནས་སྟངས་དེ་ བལྟ་ཞིནམ་ལས་ ལོག་རི་ཁ་ལུ་ གཏང་དགོཔ་འོང་ཟེར་ཨིནམ་ད་ དེ་ཡང་ མི་མེད་པའི་ས་ཁོངས་ཚུ་ནང་ གཏང་དགོ་ཟེར་ཨིནམ་ད་ གལ་སྲིད་སེམས་ཅན་དེ་ ལོ་༡༥ དང་༡༦ གི་བར་ན་འབད་བ་ཅིན་ ལོ་ན་རྒསཔ་ལས་ སེམས་ཅན་བསྐྱར་གསོ་ལྟེ་བའི་ནང་ བཞགཔ་ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཤར་ཕྱོགས་ཁ་ཐུག་ལུ་ གནོདཔ་བཀལ་མི་ སེམས་ཅན་དེ་ ནུབ་ཕྱོགས་ཁ་ཐུག་ལུ་ བསྐྱལ་ནི་མེན་ཟེར་ཨིནམ་ད་ གཙོ་བོ་ར་ སེམས་ཅན་དེ་གི་གནས་སྟངས་དང་ འཕྲོད་བསྟེན་བལྟ་ཞིནམ་ལས་ ཤར་ཕྱོགས་ཁ་ཐུག་ལུ་ སྡོད་མི་ཨིན་པ་ཅིན་ ཤར་ཕྱོགས་ཁ་ཐུག་ལུ་ར་ བསྐྱལ་དགོ་ཟེར་ཨིན་པས།
དེ་ཡང་ ཁོང་རའི་ སྡོད་ཁམས་དང་འཁྲིལ་ཏེ་ཨིནམ་ད་ སེམས་ཅན་དེ་ བསྐྱར་གསོ་ལྟེ་བ་ནང་ ཁོང་གིས་ གནས་སྟངས་དང་འཁྲིལ་སྨན་བཅོས་འབད་དགོཔ་ཡོདཔ་ལས་ རི་ཁ་ལུ་ གཏང་ནིའི་དོན་ལུ་ བདུན་ཕྲག་༡ དང་༢ འགོརཝ་ཨིན་ཟེར་ཨིན་པས།
ནགས་ཚལ་གླིང་འཛིན་འགོ་དཔོན་ཚུ་གིས་འབད་བ་ཅིན་ སེམས་ཅན་དེ་ ད་ལྟོ་ ལོ་ན་མ་རྒས་རུང་ གཡུས་ཁ་ལུ་ གནོདཔ་བཀལ་བར་འོང་མི་དེ་ གཙོ་བོ་ར་ ཀ་ལ་སྤང་གཡུས་ཚན་ནང་ ཁྱིམ་གུང་རེ་ནང་ བྱམོ་༡༠ དང་༡༥ འི་བར་ན་ཡོདཔ་ལས་ དེ་ཚུ་ གསོ་ཁང་ནང་ གསོ་ནི་མེན་པར་ ཉིན་མ་ གེ་ཟའི་ཞིང་ཚུ་ནང་ བཏང་དོ་ཡོདཔ་ལས་ གཟིག་གིས་ གནོདཔ་བཀལ་ནི་ལུ་ ལང་ཤོར་ཚུད་བཅུག་ནུག་ཟེར་ཨིན་པས།
ཨིན་རུང་ གཟིག་གིས་གནོདཔ་བཀལ་མི་ སྒོ་ནོར་སེམས་ཅན་ཚུ་ལུ་ རྒུད་འཐུས་ཐོབ་དང་ མ་ཐོབ་པའི་སྐོར་ལས་ དྲི་བཀོད་འབདཝ་ད་ ནགས་ཚལ་འགོ་དཔོན་ ཀུན་བཟང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ སེམས་ཅན་སྟག་ལུ་མ་གཏོགས་ གཟིག་གིས་གནོདཔ་བཀལ་མི་ལུ་ རྒུད་འཐུས་སྤྲོད་སྲོལ་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོ་ ལྟ་བའི་བསྒང་ཡོད་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ ནགས་ཚལ་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ གཟིག་གིས་ གནོདཔ་བཀལ་མི་དེ་ རྫོང་ཁག་ནང་ ན་ཧིང་ཚར་༡ བྱུང་ཡོདཔ་ད་ དུས་ཅི་ འགོ་དང་པ་ཨིན་ཟེར་ཨིན་པས།
ཀ་ལ་སྤང་གཡུས་ཚན་གྱི་ རེ་བ་ལས་འབད་བ་ཅིན་ ད་ལྟོ་ཚུན་ སྒོ་ནོར་སེམས་ཅན་ཚུ་ལུ་ གནོདཔ་བཀལ་མིའི་སྐོར་ལས་ འབྲེལ་ཡོད་ལྷན་ཁག་གིས་ ཞིབ་དཔྱད་འབད་དེ་ འཐུས་ཅིག་གནང་ཐབས་ཡོད་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་བའི་ ལོ་རྒྱུས་ཚུ་ སླབ་དོ་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment