གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གྲྭ་ཚང་ལས་ དགེ་སློང་༧༠ དེ་ཅིག་གིས་ ལ་དྭགས་ཀྱི་ ལོ་འཁོར་ཚོགས་ཆེན་ཐེངས་༤ པའི་ནང་ བཅའ་མར་གཏོགས་ནི།

ལ་དྭགས་ཀྱི་ ཧེ་མིས་དགོན་པ།
 ༡༠༡༠/༢༠༡༢། ༉ སྐྱབས་རྗེ་རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གི་ དབུ་ཁྲིད་ཐོག་ལས་ ལོ་བསྟར་བཞིན་དུ་ འཚོགས་སྲོལ་ཡོད་པའི་ དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ལོ་འཁོར་ཚོགས་ཆེན་ཐེངས་༤ པ་དེ་ དུས་ཅི་ ལ་དྭགས་ཀྱི་ ཧེ་མིས་དགོན་པ་ལུ་སྦེ་ འཚོགས་ནི་ཨིན་མིའི་ནང་ འབྲུག་ལས་ཡང་ བཅའ་མར་གཏོགས་མི་ ལེ་ཤ་འོང་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༢༦ ལས་ འགོ་བཙུགས་ནི་ཨིན་མི་ དཔལ་ལྡན་འབྲུག་པའི་ཚོགས་ཆེན་དེ་ནང་ འབྲུག་ལས་ བཅའ་མར་གཏོགས་མི་ཚུ་གི་དོན་ལུ་ ཐོ་བཀོད་འབད་མི་དེ་ མཇུག་ར་ ད་རིས་འབད་ནི་ཨིན་པས།

ཐོ་བཀོད་འབད་མི་ཚུ་གི་དོན་ལུ་ སྡོད་གནས་ཚུ་ ཚོགས་ཆེན་འགོ་འདྲེན་འཐབ་མི་ཚུ་གིས་ ཆ་རོགས་འབད་ནི་ཨིན་པའི་ཁར་ གསལ་ཚོགས་ཚུ་ཡང་ དྲང་ནི་ཨིན་པས།
དུས་ཅི་གི་ འཚོགས་ཆེན་ནང་ འབྲུག་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གི་ ངོ་ཚབ་ཀྱིས་ གཙོས་པའི་ གཞུང་གྲྭ་ཚང་ལས་ དགེ་སློང་ཞལ་གྲངས་༧༠ དེ་ཅིག་གིས་ བཅའ་མར་གཏོགས་ནི་ཨིན་པས།
དེ་མ་ཚད་ གཞུང་གི་ངོ་ཚབ་སྦེ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ བྱོན་ནི་གི་འཆར་གཞི་ཡོད་ཟེར་ འབྲུག་ལས་ དོན་བརྒྱུན་དཔལ་ལྡན་འབྲུག་པའི་ ལོ་འཁོར་ཚོགས་ཆེན་གྱི་ འགོ་འདྲེན་ནང་ གྲོགས་རམ་འབད་མི་ ཁམས་སྤྲུལ་རིན་པོ་ཆེའི་ཡིག་ཚང་གི་ འཛིན་སྐྱོང་འགོ་དཔོན་ ཚེ་རིང་བཀྲིས་དང་ བསོད་ནམས་ལྷ་སྐྱིད་ཀྱིས་ བཤདཔ་ཨིན་པས།
ན་ཧིང་ ཚོགས་ཆེན་ཐེངས་༣ པ་དེ་ ལ་དྭགས་ཀྱི་ རྒྱལ་དབང་འབྲུག་པ་རིན་པོ་ཆེའི་ གདན་ས་ལུ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་ལས་ དགེ་སློང་ཞལ་གྲངས་༦༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ གཞུང་གི་ངོ་ཚབ་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན།
དོན་བརྒྱུད་དཔལ་ལྡན་འབྲུག་པའི་ ལོ་འཁོར་ཚོགས་ཆེན་ནང་ འབྲུག་ལས་ ཁས་བླངས་པ་ཚུ་གིས་ རྒྱབ་སྐྱོར་དང་ གྲོགས་རམ་ཚུ་ རྒྱ་ཆེ་ཏོག་ཏོ་འབད་ཡོདཔ་བཞིན་དུ་ ན་ཧིང་ འབྲུག་ལས་ཁས་བླངས་པ་༢༠ དེ་ཅིག་སོང་ཡོདཔ་ད་ དུས་ཅི་ ཁས་བླངས་པ་༡༠ ལྷགཔ་ཅིག་ལས་བརྒལ་ འགྱོ་མི་ཚུགས་ནི་ཨིན་པས།
དེ་ཡང་ ཚོགས་ཆེན་སྐབས་ མཁོ་དགོས་ཡོད་པའི་ ཁས་བླངས་ལས་བྱེད་པའི་དོན་ལུ་ ལ་དྭགས་ཀྱི་ འབྲུག་པ་ན་གཞོན་ཚོགས་སྡེ་ཟེར་ གཞི་བཙུགས་འབད་ཡོད་པའི་ འཐུས་མི་ཚུ་གིས་ ཁས་བླངས་ཞབས་ཏོག་ཚུ་ འབད་ནི་ཨིནམ་ལས་ འབྲུག་ལས་ མངམ་འགྱོ་དགོཔ་མེད་ཟེར་ཨིན་པས།
དུས་ཅི་གི་ ཚོགས་ཆེན་སྐབས་ ནང་རྟེན་རྩ་ཅན་ཅིག་ ཀུན་མཁྱེན་པདྨ་དཀར་པོའི་ ཕྱག་བཟོ་ལས་བསྒྲུབས་མི་ རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་ དབུ་སྐྲ་རང་བྱོན་ཅིག་ ཧེ་མིས་དགོན་པའི་ ནང་རྟེན་རྩ་ཅན་ཚུ་དང་གཅིག་ཁར་ མི་མང་ལུ་ མཇལ་ཁ་གནང་ནི་ཨིན་པས།
དེ་མ་ཚད་ དེ་ནང་འཛོམས་མི་ཚུ་གིས་ རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གིས་གཙོས་པའི་ ལ་དྭགས་ཀྱི་མི་ཚུ་གིས་ རང་བཞིན་སྲུང་སྐྱོབ་ཀྱི་དོན་ལུ་ བརྩོན་ཤུགས་བསྐྱེད་ནིའི་ དམིགས་དོན་ཐོག་ ཤིང་གི་ལྕངམ་༡༠༠,༠༠༠ ལྷགཔ་ཅིག་ བཙུགས་ནི་གི་ ལས་རིམ་ཡོད་མི་དེ་ནང་ བཅའ་མར་གཏོགས་ཚུགས་ནི་ཨིན་པས།
དེ་མ་ཚད་ འབྲུག་པའི་གློག་བརྙན་བཟོ་མི་ སྡེ་ཚན་ཅིག་གིས་ སྤྲོ་སྟོན་གྱི་དོན་ལས་ གློག་བརྙན་ས་དང་གནམ་དང་ སྣང་ས་འོད་འབུམ་ཟེར་མི་༢ ཡང་ ལ་དྭགས་ཀྱི་མི་མང་ལུ་ སྤྱན་འབུལ་ཕུལ་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།
 


No comments:

Post a Comment