གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བ་དང་གླང་ཨརཝ་རྐུ་མི་ ཕོ་སྐྱེས་༢ འཚོལ་དོ་ཡོདཔ།

༡༠༡༠/༢༠༡༢། ༉ སྤ་རོ་ཟླ་བ་ཁའི་ གཡུས་ཚན་ནང་ལས་ ནོར་ཨར་རྐུན་འབད་ཡོད་པའི་སྐོར་ལས་ སྤ་རོའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ད་ལྟོ་ བྱ་ངན་འབད་མི་ ཕོ་སྐྱེས་ཚུ་ འཚོལ་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ དྲོ་པ་ཁམས་ཅིག་ཁར་ སྒྱིད་དར་གོངམ་ཤིང་དྲ་ཁང་ནང་ལཱ་འབད་མིའི་ ལས་བྱེདཔ་ཨིན་ཟེར་སླབ་སྟེ་ ཕོ་སྐྱེས་གཉིས་ཀྱིས་ སྤ་རོ་ཟླ་བ་ཁ་ལས་ བ་གཅིག་དང་ གླང་གཅིག་ཨརཝ་བརྐུ་སྟེ་ རྒཔོ་གི་ཡིག་ཚང་ཉེ་འདབས་ ས་གནས་ཐེན་ཅུ་སྤང་ཁ་ཟེར་ས་ལུ་ བདའ་འོང་ཞིནམ་ལས་ བ་དེ་ བསད་ཡོདཔ་ཨིན་རུང་ གླང་དེ་ བསད་མ་ཚུགས་པས།
ཁོང་གཉིས་ཀྱིས་ བ་བསད་ཚརཝ་ད་ གླ་འཁོར་བཏང་མི་ཅིག་དང་ཕྱད་པའི་ཤུལ་ལུ་ ཤ་འབག་ནིའི་སྐོར་ལས་ལོ་རྒྱུས་སླབ་པའི་ཁར་ གླང་དེ་ གླ་འཁོར་དེད་གཡོགཔ་གིས་ ཉོ་ནི་ཨིན་ཟེར་སླབ་སྟེ་ མ་བསད་པར་ བཞག་ཡོདཔ་ཨིན་པས།
ཨིན་རུང་ གླ་འཁོར་གྱི་ དེད་གཡོགཔ་དེ་ སེམས་ཅན་ཚེ་ཐར་ཚོགས་པ་དང་གཅིག་ཁར་ འབྲེལ་བ་ཡོད་མི་ཅིག་ཨིནམ་ལས་ ཁོ་གིས་ སེམས་ཅན་ཚེ་ཐར་ཚོགས་པའི་ ཡིག་ཚང་ནང་ཁྱིད་དེ་ ཚོགས་པ་གིས་ གླང་ཚེ་ཐར་གཏང་ནི་སྦེ་ ངོས་ལེན་འབད་དེ་ གོང་ཚད་བསྒྲིགས་ཞིནམ་ལས་ ཟླ་བ་ཁའི་ སེམས་ཅན་ཚེ་ཐར་ཚོགས་པ་ལུ་ བརྒྱུད་འཕྲིན་གཏང་ནི་འབདཝ་ད་ མི་གཉིསཔོ་ཆ་ར་ བྱོག་ཡར་སོཔ་ཨིན་མས།
ཐིམ་ཕུ་སེམས་ཅན་ཚེ་ཐར་ཚོགས་པ་གིས་ ཟླ་བ་ཁའི་ ཚོགས་པ་དང་གཅིག་ཁར་ འབྲེལ་བ་འཐབ་ཞིནམ་ལས་ བ་དང་གླང་གཉིསཔོ་དེ་ ཟླ་བ་ཁའི་རི་ཁ་ལས་ ཨརཝ་རྐུ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
མི་དེ་ ཐིམ་ཕུ་ལས་འབྱོག་སོང་སྟེ་ ས་གནས་ཁ་ས་གྲབ་ཅུ་ལུ་ལྷོདཔ་ད་ བདའ་ཟུན་ཡོད་རུང་ ཐེན་ཅུ་སྤང་ཁ་ནོར་བསད་ས་ལྷོད་དེ་ སེམས་ཅན་ཚེ་ཐར་ཚོགས་པའི་འཐུས་མི་ཅིག་གིས་ སྤ་རོ་ཁྲིམས་སྲུང་འགག་པ་དང་ ཇོ་བདག་ཚུ་ལུ་སྙན་ཞུ་འབད་སྡོད་པའི་བར་ན་ ད་རུང་ཁོང་གཉིས་ཀྱིས་འབྱོག་ཡར་སོཔ་ཨིན་མས།
ཟླ་བ་ཁའི་རྒཔོ་གིས་སླབ་མིའི་ནང་ ཁོ་གི་རྒེད་འོག་ནང་ལས་ ཧེ་མ་ཡང་ ནོར་བྱང་སྟོར་ཤོར་བའི་ལོ་རྒྱུས་གོ་རུང་ གཅན་གཟན་ཚུ་གིས་ བསད་པའི་དོགས་པ་མ་གཏོགས་ མི་གིས་ ཨརཝ་བརྐུ་བའི་སྣང་བ་མེད་ཟེར་ཨིན་མས།
ཨིན་རུང་ ད་རིས་འབདཝ་ད་ ཧེ་མ་བྱང་སྟོར་ཤོར་མི་སེམས་ཅན་ཚུ་ཡང་ སེམས་ཅན་གཞན་གྱིས་ བཟའ་བཟའཝ་མེན་པར་ མི་གིས་ར་ ཨརཝ་བརྐུ་རྐུཝ་འོང་ནི་མས་ཟེར་ཨིན་མས།
ཨར་རྐུན་འབད་མི་གཉིས་ཀྱིས་ བ་བསད་མིའི་ཤ་ཚུ་ ཐིམ་ཕུ་ མཱན་ཌ་ལ་ཤ་ཁང་ནང་བཙོང་ཡོད་རུང་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ འཕྱོག་བཟུང་འབད་ཡོད་པའི་གནས་ཚུལ།

ནོར་འཛིན་ལྷ་མོ།

No comments:

Post a Comment