གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་མཉམ་རོགས་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

མཉམ་རོགས་སྡེ་ཚན་གྱིས་ བཀག་རེག་ཕོག་སྟེ་དགའ་ཚོར་བསྐྱེད་པའི་བསྒང་།

༡༠/༡༠/༢༠༡༢། ༉ སྤྱི་ཟླ་༩ པའི་ཚེས་༢༡ ལས་འགོ་བཙུགས་མི་ འབྲུག་མདའ་རྩེད་ཚོགས་པའི་ འགོ་འདྲེན་ཐོག་ལུ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལུ་ ད་ལྟོ་ལྕང་གླིང་མི་ཐང་གི་རྩེད་ཐང་ནང་ལུ་སྦེ་ རྩེད་འགྲན་འབད་དོ་ཡོདཔ་ཨིན་པས།
རྩེད་འགྲན་དེ་ཡང་ ཁ་ཙ་འབའ་སྐྱོར་ལྟག་མའི་ནང་ རིན་ཆེན་དགའ་མཐུན་དང་ ཐིམ་ཕུ་མཉམ་རོགས་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ སྡེ་ཚན་གཉིས་ཆ་རའི་ཁ་ཐུག་ལས་ སྐུགས་ རེ་རེ་འདྲན་འདྲ་ཆོད་ཡོདཔ་ལས་ སྐུགས་༣ པམ་ མཐའ་བཅད་འགྲན་བསྡུར་འབད་བའི་སྐབས་ ཐིམ་ཕུ་མཉམ་རོགས་ཀྱིས་ རྒྱལ་ཁ་ཐོབ་ཅི།
དེ་ལས་ འབའ་སྐྱོར་འོག་མའི་ནང་ ཕུན་སུམ་སྡེ་ཚན་དང་ ལྟ་བཤལཔ་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབད་པའི་སྐབས་ སྐུགས་༢ ཆ་ར་ ཕུན་སུམ་སྡེ་ཚན་གྱིས་ ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
སྡེ་ཚན་༣༠ གིས་ རྩེད་འགྲན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ད་ སྐོར་ཐེངས་དང་པའི་ ཕྱིར་འབུད་རྩེད་འགྲན་དེ་ སྤྱི་ཟླ་༡༠ པའི་ཚེས་༥ ལུ་ མཇུག་བསྡུ་ཡོདཔ་བཞིན་དུ་ དེ་སྐབས་ སྡེ་ཚན་༡༥ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
སྐོར་ཐེངས་གཉིས་པའི་རྩེད་འགྲན་དེ་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ རྩེད་འགྲན་ནང་ སྡེ་ཚན་༡༥ གིས་ དོ་འགྲན་འབད་ནི་ཨིནམ་ལས་ ལྟདམོ་བལྟ་མི་ཚུ་གིས་ བཤད་མིའི་ནང་ རྩེད་འགྲན་དེ་ སྤྲོ་བ་ཅན་དང་ དོ་འགྲན་སྦོམ་ར་འབདཝ་མས་ཟེར་ཨིན་པའི་གནས་ཚུལ།

སངས་རྒྱས་དཔལ་འབྱོར།

 

No comments:

Post a Comment